| | e-texts navigator
|
284a1 ཐ་ཐམཐཐམཅམམས་སན།ཅཿས་མ་ཆས་ཨ་མ་ཅཿ་ཐ་ས་\ུ0f7f།ཋས་མམམམ་ཁམ་ཐམ[।]མ་མ
284a2 བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་དྲ
284a3 བ་ལྡན་གདབ་པའི་ཕྱིར་དེ་བཞིན་གཤེགས་པས་ཁྱོད་ལ་སྐབས་ཕྱེ་བས་རྣམ་པོར་འཕྲུལ་པའི་རྒྱལ་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་།ངས་ཁྱོད་ཀྱི་དྲི་བ་དེ་དྲང
284a4 དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།།དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་སྐབས་ཕྱེ་བ་དང་ཚིམ་ཞིང
284a5 མགུ་ལ་ཡི་རངས་ཏེ་དགའ་བ་དང་བདེ་བ་དང་ཡོད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཇི་ལྟར་ནི་བྱང་ཆུབ་སེམས
284a6 དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་འདི་ལ་རྣམ་པར་འཕྲུལ་པ་དང་།ཐེག་པ་ཆེན་པོ་འདི་ལ་སེམས་ཅན་གཞན་དག་དང་།གང་ཟག་གཞན་དག་འཚལ
284a7 ངར་བགྱིད་པ་དང་།རྣམ་པར་འཕྲུལ་པ་དེས་ཀྱང་བདུད་ཐམས་ཅད་དང་།ལྷག་པའི་ང་རྒྱལ་ཐམས་ཅད་དང་།ཕས་ཀྱི་རྒོལ་བ་ཐམས་ཅད་དང་།དམིགས་པ་ལྟ
284a8 བ་ལ་མངོན་པར་ཞེན་པ་ཐམས་ཅད་ཆར་བཀུམ་ནས་ཐེག་པ་ཆེན་པོ་འདི་ལ་འགོད་པར་བགྱིད་པ་དང་།སྨོན་ལམ་ཕུན་སུམ་ཚོགས་པར་འགྱུར་བ་དང་།འདི་ལྟ་སྟེ།
iiif viewer powered by OpenSeadragon
283b - 284b