| | e-texts navigator
|
283b1 དགེ་འདུན་མང་པོ་དང་།བྱང་ཆུབ་སེམས་དཔའ་བྱམས་པ་དང་།སྤྱན་རས་གཟིགས་དབང་ཕྱུག་དང་།མཐུ་ཆེན་ཐོབ་དང་།སེང་གེ་བློ་གྲོས་དང་།སེང་གེའི
283b2 ཏོག་དང་།སེང་གེའི་རྩཝ་ལོ་གྱིས་འགྲོ་བ་ལ་སྲོགས་པ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཁྲི་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ།བྱང་ཆུབ་སེམས
283b3 དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོའང་དེ་ཉིད་དུ་འདུས་པོར་གྱུར་ཏེ་འདུག་གོ།།ཡང་དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མའི་ནང་ན་འདྲི་ལྟ
283b4 སྟེ།ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ
283b5 པོ་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་གྲ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར
283b6 བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱི་ན།།བཅོམ
283b7 ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལེགས་སོ།།དེ་སྐད་ཅེས་གསོལ་པ་དང་།
iiif viewer powered by OpenSeadragon
283a - 284a