e-texts navigator
Collection
Volume
Page
Wylie

275b1 གྱུར་ཏེ།དེ་ཉིད་ནུས་ཕྱིར་འགྲོ་ཞིང་ཚིག་འདི་སྐད་དུ་བཅོམ་ལྡན་འདས་ཆོས་ཅི་རྣམ་གྲངས་འདི་སླན་ཅད་མི་བཤད་དུ་གསོལ་ཞེས་སྨྲས་སོ།།བཅོམ་ལྡན་འདས་ཀྱིས
275b2 བཀའ་སྩལ་པ།སྡིག་ཅན་ཁྱོད་དེ་སྐད་མ་སྡུ་ཤིག།དེ་ཅིའི་ཕྱིར་ཞེ་ན།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདྲི་ནི་ཐོགས་པ་མེད
275b3 བ་ཡིན་ནོ།།དེ་ནས་བཅོམ་ལྡན་འདས་ལ་ཚྭ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེ་སྔ་གསོལ་ཏོ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།ཇི
275b4 ལྟར་གཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བ་ཞེས
275b5 བྱ་བར་གཟུང་ཞིག།བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བར་ཡང་གཟུང་ཞིང་།།ཀུན་དགོའ་བོ་ངས་ཆོས་ཀྱི་རྣམ་གྲངསུ་འདྲི་ཁྱོད་ལ་གཏད་དེ།བཟུང་བ་དང་བཀླགས་པ་དང་།
275b6 བློ་ཤད་པ་དང་།གཞན་དག་ལ་རྒྱ་ཆེར་ཡང་དག་བར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་གཏད་དོ།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་རིགས་ཀྱི་བུ་འམ།རིགས
275b7 ཀྱི་བུ་མོ་ཐོག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་མ་གཏོགས་པར་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དང་ལ་བསྐལ་པ་བཅུར་སྤྲད་པ་བས།




iiif viewer powered by OpenSeadragon

275a - 276a

Texts on this page

N151 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo