| | e-texts navigator
|
275a1 བྱང་ཆུབ་སེམས་དཔའ་བདེ་བྱེད་དང་།དགེ་བསྙེན་ལྔ་བརྒྱ་གཞན་དག་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།།དགེ་བསྙེན་མ་ཉི་ཤུ་རྩ་ལྔའང་།།
275a2 ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མོ་དང་བྲལ་བ་རྣམ་པར་དག་སྟེ།དེ་དག་ཐམས་ཅད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པར་གྱུར་ཏོ།།དེ
275a3 དགྲ་ཐམས་ཅད་ཀྱང་འདི་ནས་ཤི་འཕོས་ནས།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང
275a4 འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།།དེར་སྐྱེས་ནས་ཐམས་ཅད་ལྷན་ཅིག་མཐུན་པར་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཀྱིས
275a5 སངས་རྒྱས་ཀྱི་བྱང་ཆུབ་འཛིན་པར་འགྱུར།བརྗོད་པར་འགྱུར།སྟོན་པར་འགྱུར།ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ།།དེ་དག་ཕྱིས་གངྒཱའི་ཀླུང་གི་བྱེ་མ
275a6 སྙེད་ཀྱི་བསྐལ་པ་འདས་ནས་བསྐལ་པོ་བཟང་པོ་ཞེས་བྱ་བ་འདི་ཉིད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡོང་དག་པར་རྫོགས་པའི
275a7 བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཏད་འགྱུར་རོ།།དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ལ་འགྱོད་ཅིང་མཆི་མས་བརྣངས་ལ་ངུ་བཞིན་དུ
iiif viewer powered by OpenSeadragon
274b - 275b