e-texts navigator
Collection
Volume
Page
Wylie

274a1 ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དྲུག་དེ་ལྟར་ཆོས་ཐམས་ཅད་སྤྲུལ་པ་ལྕ་ངུར་འདོད་པ་དང་།བཟོད་པ་དང་།ཁོང་དུ་ཆུད་པ་དང་།མངོན་པར
274a2 དད་པ་དང་།ཡིད་ཆེས་པ་དང་།གཞན་གྱི་དྲིང་མི་འཇོག་པར་འགྱུར་བའི་རིགས་ཀྱི་བུ་དང་།རིགས་ཀྱི་བུ་མོ་དེ་དག་ནི་བདེ་བྱེད་ངའི་བུ་ཞེས་བྱའོ།།ངའི་རྗེས་སུ
274a3 སྐྱེས་པ་ཞེས་བྱའོ།།སྣང་བ་འཛིན་པ་ཞེས་བྱའོ།།འོང་བྱེད་པ་ཞེས་བྱའོ།།མུན་པ་བསལ་བ་ཞེས་བྱའོ།།ཉོན་མོངས་པོ་སྤངས་པ་ཞེས་བྱའོ།།སྟོན་པ་ཞེས
274a4 བྱོའོ།།བསོད་ནམས་ཀྱི་ཞིང་ཞེས་བྱའོ།།ཡོན་ཏན་གྱི་གནས་ཞེས་བྱའོ།།དགེ་སྦྱོང་ཞེས་བྱའོ།།བྲམ་ཟེ་ཞེས་བྱའོ།།ཚེར་བ་པ་ཞེས་བྱའོ།།གླང་པོ་ཞེས
274a5 དྱོའོ།།མི་སྐྱེ་བའི་ཆོས་ལ་བཟོད་པ་དར་ལྡན་པ་ཞེས་བྱའོ།།བྱང་ཆུབ་སེམས་དཔའོ་ཞེས་བྱའོ།།སེམས་དཔའ་ཆེན་པོ་ཞེས་བྱའོ།།ཕྱིར་མི་ལྡོག་པའི་ཆོས་དང
274a6 ལྗོན་པ་ཞེས་བྱའོ།།བྱང་ཆུབ་སེམས་དཔའ་ཆོས་དང་ལྡན་པ་ཞེས་བྱའོ།།ལུང་བསྟན་པོ་ཞེས་བྱའོ།།རིགས་ཀྱི་བུ་གང་སུའང་རུང་པོ་དག་དེ་ལྟར་ཆོས་ཐམས
274a7 ཅད་སྤྲུལ་པ་ལྟ་བུར་མི་འོ་བོ་མི་བཟོད་མི་འཇུག་མི་མོས།མི་དདོ།ཐོས་ནས་ཀྱང་དངང་ཞིང་སྒེག་ལ་དངང་བར་འགྱུར་བ་དང་།སླར་ཟློག་པ་དང་།ཕྱིར




iiif viewer powered by OpenSeadragon

273b - 274b

Texts on this page

N151 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo