e-texts navigator
Collection
Volume
Page
Wylie

272b1 མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་དེ་དྲུག་ཀྱང་འཇོད་པར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུས
272b2 ནས་དེ་བཞིན་དུ་སྟོན་པས་གཞན་ཡོང་འདི་སྐད་ཅེས་བཀའ་སྩལ་ཏོ།།སེམས་ཅན་གང་དག་ཆོས་ནི་འདོད་པ་དང་།ཆོས་ཀྱི་དོན་དུ་བརྩོན་འབྲས་བསྐྱེད་པ་དཀོན།།
272b3 གང་དག་ཆོས་ཀྱི་འཁོར་ལོ་བསྐོར་བྱེད་པ།།དེ་དག་ཡེ་ཤེས་དམ་པ་ཐོབ་པར་འགྱུར།།གཞན་ལས་ཐོས་ནས་ཡང་དག་འཛིན་བྱེད་ཅིང་།།ཕ་རོལ་དོན་དུ་གཉེར་ལ་ཆོས་སྟོན
272b4 པ།ཤེས་ལྡན་དེ་དག་འཁོར་དུ་ཞུམ་པ་མེད།།བླ་མེད་བྱང་ཆུབ་མཆོག་ལ་རེག་པར་འགྱུར།།ལོག་པར་ལྟུང་རྒྱུ་བུད་མེད་རྣམ་པར་སྤངས།།རྒྱལ་སྔས་རྟག་ཏུ་ཚངས་པར
272b5 སྤྱོད་པར་འགྱུར།།ཚངས་པར་སྤྱོད་ལ་བརྟན་པར་དེ་གནས་ཤིང་།།འཁོར་ལོ་བླ་མེད་དམ་པ་སྐོར་བར་བྱེད།།བུད་མེད་རྣམས་ལ་མཚན་མ་འགའ་ཡོད་དེ།།འདི་ལྟར་སྡུག
272b6 སྡེལ་ཉར་མིག་སྐེམ་པར་འགྱུརརོ།།དེ་དག་བསྟན་ན་ཞི་བ་མེད་པ་སྟེ།།དེ་བས་ཡོངས་སུ་སྤོངས་ལ་བྱང་ཆུབ་སྤྱོད།།དེ་ནས་ཤཱཀྱའི་བུ་བདེ་བྱེད་བསྟན་པ་འདི་ཐོས་ནས
272b7 ཚིམ་ཞིང་ང་བུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ།དགའ་བ་དང་།ཡིད་བདེ་བ་སྐྱེས་ནས་རང་གོ་ལུས་ལས་རྒྱན་འབྲེལ་ཏེ།།བཅོམ་ལྡན་འདས་ག་ལ་བདེ་ལོགས།




iiif viewer powered by OpenSeadragon

272a - 273a

Texts on this page

N151 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo