e-texts navigator
Collection
Volume
Page
Wylie

272a1 ཆགས།།མི་མཁས་རྟག་ཏུ་ཕུང་ཞིང་སྡང་སེམས་ལྡན།།དམྱལ་ཡང་འདི་ན་གུས་མི་བྱེད།།ཀུན་ནང་ཉོན་མོངས་རྣ་བ་རང་གནས་པ།།སྐྱེས
272a2 བུ་ཐ་མའི་ཉེས་པ་འདི་རྣམས་ཡིན།།དེ་བས་རྟག་ཏུ་བཟང་དེ་ཁོ་ན་པསྟེ་ནི།།དགེ་སློང་ཆོས་སྨྲ་བ་ལ་བསྟེན་པོར་བྱ།།དགེ་བའི་བཤེས་གཉེན་ཡོངས་སུ་མི་བཏ་སྟེ།།
272a3 དེ་ལ་བྱང་ཆུབ་མཆོག་ནི་དཀའ་བ་མེད།།རིགས་ཀྱི་བུ་གཞན་ཡང་བྱུང་ནུམ་སེམས་དཔའ་ཆོས་བཞི་དང་ལྡན་ན་བློ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས
272a4 མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་ཕུན་སུམ་ཚོགས་པའང་རྗེས་སུ་ཐོབ་བོ།།བཞི་དང་ཞེ་ན།རིགས་ཀྱི་བུ་འདི་ལ་ཆོས་དོན་དུ་གཉེར་བ་དང་།ཆོས་འདོད་པ་དང་།ཆོས
272a5 ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་།ཆོས་འཛིན་པ་དང་།ཆོས་སྟོན་པ་ཡིན།བུད་མེད་ཡོངས་སུ་སྤོང་ཞིང་བུད་མེད་ཡ་སྟོན་པར་མི་བྱེད་པ་ཡིན།སྦྱིན་པའི
272a6 བདག་པོ་དང་།ཀུན་དབྱེད་པའི་ངང་ཚུལ་ཅན་དང་།ཀུན་དབྱེད་པ་ལ་དཔའ་བ་དང་།རྨུགས་པ་དང་།གཉིད་ཡོངས་སུ་སྤོང་བ་ཡིན།སྟོང་པ་ཉིད་ལ་མོས་པ
272a7 དང་།སྟོང་པ་ཉིད་ལ་གནས་པ་ཡིན་ཏེ།རིགས་ཀྱི་བུ་ཆོས་བཞི་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར




iiif viewer powered by OpenSeadragon

271b - 272b

Texts on this page

N151 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo