e-texts navigator
Collection
Volume
Page
Wylie

271a1 པ་དང་།བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་བདེ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས།
271a2 སུ་ཞུ་བར་སེམས་པ་ནི་རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕྱིན་པ་དང་།སྐྱེ་བོ་མང་པོ་ལ་བདེ་བ་དང་།འཇིག་རྟེན་ལྱ་སྙིང་བརྩེ་བ་དང་།སྐྱེ་བོ་པལྔ་པོ་ཆེའི་དོན་དང་།
271a3 ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བོའི་ཕྱིར་ཞུགས་པ་ཡིན་ཏེ།ལེག་སོ་སོ་ལེགས་སོ།།དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག
271a4 དང་ངེས་ཁྱོད་ལ་བཤད་དོ།།བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་རྗེས་སུ་འཐོབ་སྟེ།བཞི་གང་ཞེ་ན།རིགས་ཀྱི་བུ་འ
271a5 ལ་བྱང་ཆུབ་སེམས་དཔའི་བཟོད་པོའི་སྟོབས་དང་ལྡན་ཕྲེང་བཟོད་པ་ལ་གནས་པ་དེ་ཕ་རིལ་ག་ཤེའང་སྐར་མེ་གཱ་ཤེ་བ་དང་།བརྡེགས་ཀྱང་སླར་མི་བརྡེག་པ་དང་།མཚང
271a6 བྱས་ཀྱང་སླར་མཚང་མི་འབྲུ་བ་དང་།ཁྲོས་ཀྱང་སླར་མི་ཁྲོ་བ་སྟེ།རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ནི་མེད་པ་ཡང་དག་པར
271a7 རྫོགས་པའི་བྱང་ཆུབ་ལས་ཁྱེར་མི་ལྡོག་ཅིང་ཇི་སྐད་སྨྲས་པའི་ཡོན་ཏན་ཕུན་སུམ་ཚོགས་པའང་རྗེས་སུ་འཐོབ་པར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ




iiif viewer powered by OpenSeadragon

270b - 271b

Texts on this page

N151 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo