| | e-texts navigator
|
257b1 མྱོང་འོད།།སེང་གེ་དང་ནེ་ཏོག་དོང་དེ་བཞིན་དུ།།གང་ཞིག་སངས་རྒྱས་དེ་ཀུན་མཐོང་འདོད་པ།།ཕྱི་མའི་དུས་སུ་རྒྱལ་མཆོག་ཆོས་གཟུང་ཞིག།སངས་རྒྱས་བྱམས་པ་དང་།
257b2 ནི་དྲི་མེད་འོད།།བདག་ཉིད་ཆེན་པོ་དང་ནི་སེང་གླེ་ཏོག།རབ་སྣང་གཙོ་བོ་དེ་བཞིན་མཐོང་འདྲེ་པ།།ད་ནི་ཕྱི་དུས་རྒྱལ་མཆོག་ཆོས་གཟུང་ཞིག།འདྲི་འདྲའི་མདོ་སྡེ་ཁྱད་པར
257b3 འཕགས་མཆོག་དག།རིན་ཆེན་དྲ་བ་ཅན་ལང་ཡིས་བཤད།།ཕྱི་ནའི་དུས་སུ་ངོ་ཚེ་ཁྱོད་ཀྱིས་ནི།།བགེ་མོང་གནས་ལ་འདུག་པར་མ་བྱེད་ཅིང་།།ཕྱི་མའི་དུས་ཀྱི་ནི་རོ་གྱུར་པ
257b4 ན།།ཚུལ་ཁྲིམས་སྐྱོན་མེད་རྟག་ཏུ་བག་བྱོས་དང་།།དེ་ནས་ཁྱོད་ནི་འཆི་བའི་དྲིས་བྱས་ནས།།རྒྱལ་བ་འོད་ཟེར་མཐའ་ཡས་ཅན་གྱི་ཞིང་།།རིན་ཆེན་ལྡན་ཞེས་བྱ་བའི་འཇིག་རྟེན
257b5 ཁམས།།སྟེང་གི་འཇིག་རྟེན་ཁམས་སུ་འགྲོ་བར་འགྱུར།།དེ་ནས་ཁྱོད་ནིའི་ཚོ་བའི་དུས་བྱས་ནས།།མྱུར་བ་ཉིད་དུ་སངས་རྒྱས་བྱམས་པ་མཐོང་།།བཅོམ་ལྡན་འདས་ཀྱིས
257b6 དེ་སྐད་ཅེས་བཀའ་སྩལ་པ་དང་།ལི་ཙ་བི་གཞོན་ནུ་རིན་ཆེན་དྲ་བ་ཅན་དང་།བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་བྱེ་བ་ཕྲག་བཞི་བཅུ་དང་།དགྲ་བཅོམ་པ་བྱེ
257b7 པ་ཕྲག་དྲུག་ཅུ་དང་།ལྔ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རྣམས་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་རིན་ཚོན་དྲ་བ་ཅན་གྱིས
iiif viewer powered by OpenSeadragon
257a - 258a