| | e-texts navigator
|
257a1 ཕྱི་མའི་དུས་སུ་དེ་ནི་དགའ་བས་འཛིན།།དྷི་དཕྱི་སའི་བུམ་པ་མིས་འདོར་ལྟར།།འདོད་པ་སྐྱོན་དུ་བགྲང་བ་སྤོང་བྱེད་ཅིང་།།མཁས་པ་ངེས་འབྱུང
257a2 ཞི་ལ་མངོན་དགའ་སྟེ།།རྟག་ཏུ་མྱོས་མེད་དགོན་པ་སྟེན་པར་བྱེད།།ཡངས་པའི་གྲོང་ཁྱེར་མིཆོག་ཏུ་གནས་ནས་སུ།།དེར་ནི་བཤོད་ཚེ་གང་གིས་ང་མཐོང་ཞིང་།།ང
257a3 པའང་ང་ལ་མཆོད་བྱེད་མཐོང་བ་ནི།།ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ།།དེའི་བུ་གང་ཞིག་རྟག་ཏུ་རྗེས་འབྲང་ཞིང་།།བྱང་ཆུབ་ཞི་བ་སྤྱོད་མཆོག་སྤྱོད་པ་ན།།སེམས
257a4 ཅན་རྣམས་ནི་རྟག་ཏུ་འདུལ་བྱེད་པ།།ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏེ།།སངས་རྒྱས་འདྲེན་པ་གཞལ་མེད་དཔག་མེད་ཀྱི།།སྤྱད་པ་སྤྱོད་ཚེ་གང་གོས་རིམ་འགྲོ་དང་།།
257a5 དེ་བཞིན་མཆོད་པ་མཆོག་དག་བྱེད་པ་ནི།།དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་འཛིན་ཏོ།།གང་ཞིག་བསྐལ་པ་བྱེ་བར་ཚངས་སྤྱོད་ཅིང་།།འཇོག་རྟེན་མཐའ་ཡས་དོན་ནི་སྔར་སྤྱད
257a6 པ།།གང་ཞིག་ཕྱི་མའི་དུས་སུ་མདོ་སྡེ་འདི།།ཐོས་པའི་བསྟོད་ནམས་གྲངས་སུ་འགྱུར་མ་ཡིན།།སངས་རྒྱས་འཁྲུག་མེད་ཡང་ན་ཚེ་དཔག་མེད།།སངས་རྒྱས་གཞོལ།
257a7 མེང་དངག་མེད་ངོ་དག་འདོར།།སེམས་ཅན་སྙིང་པོ་གང་གིས་མཐོང་འདོང་པ།།མདོ་སྡེ་མཛེས་པ་དཔག་མེད་བཟུང་བར་གྱིས།།ཚེ་དཔག་མེད་དང་མི་འཁྲུགས་དྲི
iiif viewer powered by OpenSeadragon
256b - 257b