| | e-texts navigator
|
256b1 ཕྲེང་བྱེ་བ་རྣམས་ཀྱང་ཤིན་ཏུ་བཀྲམ།།ཇི་ལྟར་གངྒཱའི་ཀླུང་གི་བྱེ་མ་སྐྱེད།།བྱེ་བའི་ཕན་དང་དྲིན་ཆེན་སྣ་ཚོགས་ཀྱི།།རྒྱལ་མཚན་བྱེ་བ་ཕྲག་བརྒྱ་གངྒཱ་ཡི།།བྱེ་སྙེད་མཆོད་རྟེན
256b2 དག་ལོ་འབུལ་བར་བྱེད།།སྣང་བ་མཛད་པ་ཐམས་ཅད་མཁྱེན་གཅིག་གི།མཆོས་རྟེན་གཅིག་ལ་སིལ་སྙན་བྱེ་བ་སྟོང་།།དཀྲོལ་ཅིང་གུས་པའི་མི་ནི་ས་ཡ་དོག།བྱེ་བ་ཕྲག་སྟོང
256b3 ཚང་བ་འབུལ་བར་བྱེད།།མེ་ཏོག་གདུགས་བརྒྱ་དུ་མ་མཆོངོ་རྟེན་ལ་འབུལ་བ།།ཐུབ་པ་ཆེ་ལ་དེ་འདྲའི་མཆོད་པ་ཉིན་གཅིག་བཞིན།།གངྒཱའི་བྱེ་སྙེད་བསྐལ་པ་སྟོང་དུ་བྱེད་པ
256b4 བས།།གང་ཞིག་མདོ་སྡེ་འདི་ལས་ཚིག་བཅུད་གཅིག་ཐོས་ནས།།སོམ་ཉ་མེད་པ་དེ་འདུན་པ་སྐྱེད་བྱེད་ལ།།རྒྱལ་བའི་མཚན་འདི་དག་ཀྱང་རྗོད་བྱེད་ན།།དེ་བས་བསོད་ནམས
256b5 འདི་ནི་སྨེ་མེད་མཆོག།མཁས་པ་ཏིང་ངེ་འཛིན་གྱི་མིང་ཐོས་ཤིང་།།ཚུལ་ཁྲིམས་སྐྱོན་མེད་མཚོན་འདི་འཛིན་པ་དང་།།དེ་བཞིན་སངས་རྒྱས་ལ་ནི་མཆོད་བྱེད་པ།།དེས་ནི་གངྒཱའི
256b6 བྱེ་སྙེད་སངས་རྒྱས་མཐོང་།།ཟུང་ཆེན་རྐང་གཉིས་མཆོག་གྱུར་དེ་དག་ལ།།མཆོད་པ་དམ་པའང་ཡིད་ཀྱིས་བྱས་ནས་ནི།།རྟག་ཏུ་མྱོས་མེད་ཆོས་ཀྱང་སྟོན་བྱེད་ཅིང་།།བསྐལ།
256b7 པབྱེ་བ་དེ་ནི་མོངས་མེད་འགྱུར།།འཇིག་རྟེན་མགོན་པོས་མདོ་མཆོག་རྒྱལ་པོ་འདི།།སྟོན་པའི་ཚེ་ན་གང་གོས་སྔོན་མཐོང་བ།།རྒྱལ་བ་མཆོག་ལས་འདི་ནི་ཐོས་གྱུར་ནས།།
iiif viewer powered by OpenSeadragon
256a - 257a