e-texts navigator
Collection
Volume
Page
Wylie

255a1 དང་དེ་བཞིན་དུ།།ཕྱོགས་དག་གི་ལྟུང་མཚམས་ནས་ལྷགས།།ཇི་ཙམ་མིག་གིས་མཐོང་བའི་བར།།དེ་སྲིད་འཇིག་རྟེན་ཁམས་རྣམས་སུ།།སྐྱོ
255a2 པ་འཇིག་རྟེན་མགོན་པོ་ཡི།།གསེར་གྱི་མདོག་འདྲའི་བོད་ཀྱིས་གང་།།སྟོན་པ་གང་ན་བཞུགས་པ་དང་།།ཆོས་ནི་གང་ན་འབར་བ་དེར།།འཇིག་རྟེན་ཁམས་ནི་ཐམས་ཚང་།།
255a3 ནས།།བྱང་ཆུབ་སེམས་དཔའ་ཉེ་བར་ལྷགས།།དེ་ལྟར་མཐའ་ཡས་དཔག་ཏུ་མེད།།བསམ་གྱིས་མི་ཁྱབ་མཆོད་པ་ནི།།རིན་ཆེན་དཱ་བ་ལཾ་ཙ་བི།།གཞོན་ནུ་དེ་ཡི་ཚེ་ན
255a4 བྱས།།དེ་ནས་བདག་ཉིད་ཆེན་པོ་པ།།ལྷ་དང་ཀླུ་དང་མི་རྣམས་ཀྱིས།།མདུན་དུ་མི་མཆོགར་ཤཱཀྱ་ཡཽ།།སེང་གེས་དབུགས་ནི་འབྱིན་པར་མཛད།།ང་ཡི་མདུན་དུ
255a5 འདུག་ནས་སུ།།ཁྱོད་ཀྱིས་འདི་འདྲའི་མཆོད་བྱས་པ།།གངྒཱའི་བཻ་མཱ་ཇི་སྙེད་པ།།དེ་སྙེད་མཆོད་པ་དག་གིས་མཆོད།།རིན་ཆེན་དྲ་བོ་ཅན་གྱི་ཕྱིར།།མདོ་སྡེ་བཤད་པ
255a6 སུས་རིག་པ།།བྱང་ཆུབ་ལས་ནི་མི་ལྡོག་སྟེ།།སངས་རྒྱས་སློ་བའི་མཆོག་ཏུ་འགྱུར།།གང་ཞིག་མདོ་སྡེ་འདི་འཛིན་པའོ།།བསོད་ནམས་ཕུང་པོའི་ཚད་དགེ་ནི།།འདི
255a7 སྙེད་སོགས་པར་འགྱུར་རོ་ཞེས།།དེ་ལྟར་བཤད་པར་མི་ནུས་སོ།།ཕྱོགས་བཅུའི་འཇིག་རྔན་ས་དང་ཆུ།།མེ་དང་རླུང་གི་ཚད་དག་ནི།།འདི་ཙམ་ཞེས་ནི་བཤད་པར་ནུས།།




iiif viewer powered by OpenSeadragon

254b - 255b

Texts on this page

N149 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo