e-texts navigator
Collection
Volume
Page
Wylie

254b1 ཡེ་ཤེས་བླ་མེད་བཀྲོད།།དེ་ཚེ་གཞོན་ནུ་དགའ་གྱུར་ནས།།ཙནྡན་སྦྲུལ་གྱི་སྙིང་པོ་ཡི།།གདན་འབུལ་རིན་ཆེན་ཕྱེ་མ་ཡིས།།གཞོན་ནུ་སངས་རྒྱས་གཙོལ་མཆོད།།ནོར
254b2 བུ་རིན་ཆེན་འོད་གཅིག་ནི།།འཇིག་རྟེན་སྟེང་དུ་གཏོང་བར་བྱེད།།རིན་ཆེན་གཅིག་ལས་འོད་ཟེར་ནི།།སྟོང་ཕྲག་བྱི་བར་གཏོང་བར་བྱེད།།དེ་བཞིན་རིན་ཆེན་མཱ་ལུས་ལ།།
254b3 འོད་ཟེར་དག་ནི་བྱུང་བར་གྱུར།།དེ་དག་གིས་ནི་དེ་ཡི་ཆེ།།ཡངས་པ་ཅན་ཡང་སྣང་བར་བྱོས།།རིན་ཆེན་རྣམ་པ་དེ་སྙེད་ཀྱིས།།སངས་རྒྱས་གཙལ་མཚང་བྱེད་ཅིང་།།རིན་པ
254b4 ཆེ་ཡི་ཕུང་པོ་ཡང་།།ཐུབ་པ་ཆེ་ལྔ་འབུལ་བར་བྱེད།།གདུགས་ནི་གང་དག་མུ་ཁྱད་བྱས།།མུ་ཏིག་ཕྲེང་གིས་ཡོངས་བརྒྱན་པ།།རེ་རེ་ལ་ཡང་མུ་ཁྱུད་ཅན།།སྟོང་ཕྲག་ཉི་ཤུ་རྩ
254b5 ལྔའོ།།འདི་འདྲའི་ལེགས་པ་དེ་ཡི་ནི།།ཐུབ་པ་ཆེ་ལ་མཆོད་པ་བྱས།།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ།།གསེར་ཐགས་ཀྱི་ནི་གོས་ཕུལ་ལོ།།བྱང་ཆུབ་ཤིང་དག་སྤྲུལ
254b6 ནས་སུ།།དེའི་དྲུང་སེང་གེའི་ཁྲི་བ་ཤམས་ལ།།སྟོང་ཕྲག་བྱེ་བ་ཉི་ཤུ་ལྔ།།དེ་རྣམས་ལ་ནི་འཁོད་གྱུར་པ།།ལོ་ནི་བྱེ་བ་གྲངས་སྙེད་པར།།བགྲང་བ་དག་ཏུ་མི་ཆེད་པའི།།
254b7 བྱང་ཆུབ་སེམས་དཔའ་ཐམས་ཅད་ནི།།བྱེ་བ་བརྒྱ་ཕྲག་ལྷགསོ་པར་གྱུར།།ཤར་གྱི་ཕྱོགས་ནས་བཟུང་ནས་སུ།།ལྷོ་ཕྱོགས་ནུབ་ཕྱོགས་བྱང་ཕྱོགས་དང་།།འོག་དང་སྟེ




iiif viewer powered by OpenSeadragon

254a - 255a

Texts on this page

N149 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo