| | e-texts navigator
|
254a1 གན་མ་ཡིས།།རྫོགས་སངས་རྒྱས་ལ་འཐོར་བར་བྱེད།།བརྒྱ་བྱིན་བྱེ་བ་ཕྲག་སྦྱོང་དག།མཁའ་ལ་གནས་ནས་ཛམྦྷ་ཡི།།ཆུ་བུཾའི་གསེར་ཕྱེ་མང
254a2 ཡིས།།དེ་བཞིན་གཤེགས་ལ་འབོར་བུར་བྱེད།།ཚངས་པ་བྱེ་བ་ཉེར་ལྷ་གྲོནས།།ཙུནྡན་དམར་པོའི་ཕྱེ་མ་ཡིས།།རྫོགས་སངས་རྒྱས་ལ་འཐོར་བྱེད་ཅིང་།།སྒྲོ་དབྱངས
254a3 སྙན་པ་ཀུན་ཏུ་སྒྲོགས།།དྲི་མ་མེད་པའི་འདི་རིག་ནས།།ན་མོ་མཁའ་ལ་ནི་ལྷ་འཁོད་དོ།།གླུ་དབྱངས་དཔག་ཏུ་མེད་པ་ལེན།།མཁྱེའོ་ལ་རས་ཀྱི་སོ་གཡོབ་པར་བྱེད།།ནམ
254a4 མཁའ་ལ་ནི་ལྷ་འཁོད་དེ།།པདྨ་བརྒྱ་ཕྲག་སྟོང་བླངས་ནས།།འཇིག་རྟེན་གསལ་ལ་བསྟོད་བྱེད་ཅིང་།།རྒྱལ་མཚན་ལ་སོགས་མཆོད་པ་བྱེད།།ཟླ་མེད་རྒྱལ་མོཆོག་ཐུབ
254a5 དབང་ལ།།རབ་ཏུ་ཡིད་དགས་ཕྱག་འཚལ་ཞིང་།།བསྟོད་བྱེད་ནོར་བུ་རིན་ཆེན་དང་།།མུ་ཏིག་རྒྱན་ཕྲེང་འཐོར་བར་བྱེད།།མི་ནི་བྱེ་བ་འབུམ་ཐོམ་པ།།རྒྱལ་མཆོག་ཟླ་མེད་པ་ལ
254a6 མཆོད།།སྔོན་གྱི་གནས་བཅུ་རྗེས་དྲན་ཞིང་།།ཐུབ་མཆོག་ཟླ་མེད་མགོས་ཕྱག་འཚལ།།དེ་ནས་འཇིག་རྟེན་སྣང་མཛད་པས།།ཆོས་ཀྱི་རྔ་ནི་རབ་བརྡུངས་ཏེ།།དེ་ཡ་སྒྲས་ནི
254a7 ཞིང་རབ་མང་།།བྱེ་བ་དག་ཏུ་གོ་བར་བྱས།།དེ་ཡི་ཚེ་ནི་སེམས་ཅན་ནོ།།བྱེ་བ་གྲངས་མེད་ཀུན་ནས་ལྷགས།།དེ་དག་རྫོགས་པའི་སངས་རྒྱས་ཀྱིས།།སངས་རྒྱས
iiif viewer powered by OpenSeadragon
253b - 254b