e-texts navigator
Collection
Volume
Page
Wylie

253a1 དང་།དེ་བཞིན་དུ་དེ་བཞིན་གཤེགས་པ་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་ཞེས་བྱ་བ་རྣམས་དང་།དེ་བཞིན་དུ་དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེང་དྷཱ
253a2 བས་བརྒྱན་པ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་རྣམས་ཏེ།དེ་བཞིན་གཤེགས་པ་གཅིག་གི་མཚན་ཇི་ལྟ་བར་དེ་བཞིན་གཤེགས་པ་སོ
253a3 མཚན་ཡང་དེ་དང་འདྲ་བར་མཐོང་ངམ།གསོལ་པ།བཅོམ་ལྡན་འདས་མཐོང་ལྗགས་སོ།།བདེ་བར་གཤེགས་པ་མཐོང་ལགས་སོ།།དེ་བཞིན་དུ་ལྷོ་ཕྱོགས་དང་།
253a4 ནུབ་ཕྱོགས་དང་།བྱང་ཕྱོགས་དང་།དེ་བཞིན་དུ་འོག་གི་ཕྱོགས་དང་།དེ་བཞིན་དུ་སྟེང་གི་ཕྱོགས་ཏེ།དེ་ལྟར་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེ་ན་དེ་བཞིན་གཤེགས
253a5 པའི་མཚན་གཅིག་པོའང་གྲངས་མ་མཆིས་ལ།དེ་བཞིན་གཤེགས་པའི་མཚན་ཐ་དད་པའང་བཞུགས་སོ།།བཀའ་སྩལ་པོ།གཞོན་ནུ་ཁྱོད་ཀྱིས་འཁོར་ལོས་སྒྱུར
253a6 བའི་རྒྱལ་སྲིད་ལ་གནས་པོ་དེ་བས་ཀྱང་ཆེས་ལྷག་པའི་སངས་རྒྱས་བཅོམ་ལྡན་འདས་དྲག་མཐོང་ངམ།གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ།།བདེ་བར
253a7 གཤེགས་པ་མཐོང་ལགས་སོ།།དེ་ནས་ལི་ཙ་བི་གཞོན་ནུ་རིན་ཆེན་དྲ་བ་ཅན་མགུ་ཞིང་དགའ་ལ་ཡི་རངས།རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས




iiif viewer powered by OpenSeadragon

252b - 253b

Texts on this page

N149 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo