e-texts navigator
Collection
Volume
Page
Wylie

252b1 ཀྱི་ཞིང་དེ་མཐོང་བ་དང་།དེའི་ཚི་གངྒཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་འཁོར་བཞི་པོ་ལ་སྣང་བར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར།
252b2 འདུ་མཛད་པ་མངོན་པར་འདུ་མཛད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ལྀ་ཙཱ་བི་གཞོན་ནུ་རིན་ཆེན་དཱ་བ་ཅན་ལ་བཀའ་སྩལ་པ།གཞོན་ནུ་ཁྱོད་ཀྱིས་སྟེང་གི་ཕྱོགས་ལེགས་ན་སངས
252b3 རྒྱས་བཅོམ་ལྡན་འདས་འདི་ལྟར་བསམ་གྱིས་མི་ཁྱབ།འདི་ལྟར་གཞལ་གྱིས་མི་ལང་བ།འདི་ལྟར་ཐུག་པ་མེད་པ།འདི་ལྟར་ཚད་མེད་པ།འདི་ལྟར་བརྗོད་ཀྱིས་མི་ལདྲ་བ་དེ
252b4 དག་མཐོང་ངམེ།གསོལ་པ།བཅོམ་ལྡན་འདས་མཐོང་ལགས་སོ།།བདེ་བར་གཤེགས་པ་མཐོང་ལགས་སོ།།བཀའ་སྩལ་པ།རིགས་ཀྱི་བུ་འདི་ལྟ་སྟེ།སྟོང་གསུམ་གྱི་སྟོང
252b5 ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་རྣམས་ཀྱི་མིང་གི་ཚོགས་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཆེས་མང་སྟེ།རེ་རེ་ལའང་མཚན་གྱི་ཚོགས་བླངས་མེད་བསམ་གྱིས
252b6 མི་ཁྱད་པ་ཡོད་དེ།འདི་ལྟར་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་ལེགས་སྔར་རང་ཏུ་ཞི་བའི་དཔལ་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་རྣམས་དང་།དེ་བཞིན་དུ་དེ་བཞིན་གཤེགས
252b7 བརྣོ་བའི་དཀྱིལ་འཁོར་རྣམ་དག་ཅེས་བྱ་རྣམས་དང་།དེ་བཞིན་དུ་དེ་བཞིན་གཤེགས་པ་མེ་ཏོག་གོ་འོད་ཀྱིས་རྣམ་པར་རོལ་པ་མངོན་པང་མཁྱེན་པའི་རྒྱལ་པོ་ཞེས་བྱ་རྣམས




iiif viewer powered by OpenSeadragon

252a - 253a

Texts on this page

N149 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo