| | e-texts navigator
|
251b1 ཀྱི།མཚན་དག་གིས་ནི་བརྒྱན་པར་འགྱུར།།དང་ཞིག་ཐུབ་དྲའི་མཚན་འཛིན་ན།།དེ་ནི་ཤེས་རབ་མི་ཉམས་ཤིང་།།བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།།བྱང་ཆུབ་སེམས་དཔའ་ལ
251b2 ཡང་མཆོད།།སངས་རྒྱས་ཀྱི་ནི་མཚན་བསྟན་པས།།ཕྱིས་ནི་བྱང་ཆུབ་སྤྱོད་པ་ན།།སངས་རྒྱས་བྱེ་བ་བསམ་མི་ཁྱའོ།།ཤེས་རབ་ཅོན་གྱིས་རྟག་མཆོད་འགྱུར།།སངས་རྒྱས
251b3 མཚན་དེ་གང་ཐོས་ནས།།གཞན་རྣམས་ལ་ཡང་རབ་སྟོན་ན།།དེ་འདྲའི་བསོད་ནམས་ཕུང་པོ་ཡི།།ཚད་ནི་བཤོད་པར་མི་ནུས་སོ།།དེ་ལྟར་མཚན་འདི་ཐོས་པ་ནི།།ཕྱི་དུས་དག
251b4 ནི་མང་པོར་ཡང་།།བླ་མེད་སངས་རྒྱས་ཡེ་ཤེས་ལ།།དེར་ནི་སོམ་ཉི་ཟ་མི་བྱེད།།གང་གིས་རྫོགས་སངས་རྒྱས་མཐོང་ནས།།བཀུར་སྟི་རིམ་གྲོ་བྱས་པ་ནི།།ཕྱི་མའི་དུས་སུ་མདོ
251b5 སྡེ་འདི།།དེ་ཡི་ལག་ཏུ་འཐོབ་པར་འགྱུར།།ང་ནི་བྱང་ཆུབ་སེམས་དཔའ་ཡིས།།བསྐོར་དང་དྲ་བ་ཅན་སུས་མཐོང་།།དེས་ནི་མདོ་སྡེ་འདི་ཐོས་ནས།།དེ་ལ་སོམ་ཉི་ཟ་མི་འགྱུར།།དེ
251b6 བཞིན་གཤེགས་པ་དཔག་མྱེད་དེ།།སངས་རྒྱས་ཆོས་ལ་ཐེ་ཚོམ་སྤངས།།འདི་ལྟར་སྔོན་གྱི་སྤྱོད་པ་ནི།།བསྐལ་པ་བྱེ་བ་མང་དརྒྱར་སྤྱད།།ལག་པ་རྐང་པ་གཏོང་བ་དང་།།རྣ་བ
251b7 སྣ་དང་མགོ་བོ་དང་།།དུ་ངོ་བུ་མོ་ཡུལ་འཁོར་དག།བྱིན་ལ་ཡིད་ནི་མི་དཔའ་མེད།།གང་ཞིག་མདོ་སྡེ་འདི་ཐོས་པོ།།ཕྱིའི་འདུས་ན་རྙེད་ནས་ནི།།གཞན་དག་ལ་ཡང་སྔོན
iiif viewer powered by OpenSeadragon
251a - 252a