| | e-texts navigator
|
233b1 ཞེས་བྱ་བ་སངས་རྒྱས་མང་པོ་ལྔ་བསྟན་བཀུར་བྱས་པ།ཆོས་ཀྱི་ཚུལ་སྣང་བ་མཐའ་ཡས་པའི་སྒྲོན་མ་དང་ལྡན་པ་ཡང་དག་པར་འཛིན་པ།ནུ་ཆོད་ལོ་བརྒྱད་ལོན་པ་འདྲ་བ་ཞིག་གཉིད།
233b2 ལོག་སྟེ།དེའི་རྨི་ལམ་དུ་རྨིས་པཾ།ལྷའི་བུ་ཡོངས་སུ་དགའ་ལྡན་དགའ་ལྡན་གྱི་གནས་ནས་བབས་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྐུལ་ཏེ་མངོན་པར་སྐྱེས་པ།སེམས
233b3 ཅན་སྙིང་པོ་རྒྱལ་བ་སངས་རྒྱས་ཀྱིས།།སྟོང་གསུམ་འཇིག་རྟེན་སྣང་བ་མཛད་ནས་བཞུགས།།བསོད་ནམས་བརྒྱ་བསགས་གཱ་སེར་གྱི་མདོག་འདྲ་བ།།བདག་ཉིད་ཆེན་པོ
233b4 གཟུགས་ཀྱི་མ་ལུས་མཛེས།།དཀྱིལ་འཁོར་བྱེ་བ་རབ་ཚང་གང་ཡིན་པ།།ཟླ་བ་སྟོང་ངམ་ཡང་ན་བྱི་བ་ཡི།།འོད་ཟེར་དགུ་གི་དཀྱིལ་འཁོར་དེ་སྣང་བྱེད།།ཇི་ལྟར་གངྒཱའི་ཀླུང་གི
233b5 བྱེ་མ་སྐད།།དེ་འདྲའི་དཀྱིལ་འཁོར་བྱེ་བར་ཚང་བ་ནི།།ཤར་ཕྱོགས་དཀྱིལ་འཁོར་མཆོག་མི་སྣང་བྱེད་ཅིང་།།དེ་བཞིན་ལྷོ་ཕྱོགས་དེ་བཞིན་ནུབ་ཕྱོགས་དང་།།དེ་བཞིན་བྱང
233b6 ཕྱོགས་དཀྱིལ་འཁོར་མཆོག་སྣང་བྱེ།།འཇིག་རྟེན་མགྲོན་པོ་འོད་མཛད་སྤུ་ཡི་ཁུང་།།རེ་རིན་སོ་ནི་འོད་ཟེར་གང་དག་འབྱུང་།།རེ་རེ་ནས་ནི་འོད་བྱུང་དེ་དག་གིས།།ཟླ་བའི
233b7 དཀྱིལ་འཁོར་ཐམས་ཅད་མོག་མགོ་མཛད།།ཀུན་གཟིགས་རྣམས་ཀྱིས་སྤུ་ཁུང་རེ་རེ་ནས།།འོད་ཟེར་འབྱུང་ཞིང་སྐུ་ཁུང་རེ་རེ་ནས།།འོད་ཟེར་བྱུང་བ་རྣམས་ཀྱིས་གདྷཱའི
iiif viewer powered by OpenSeadragon
233a - 234a