| | e-texts navigator
|
224a1 ཁང་སྡེའང་ཐོས་ནས་སྤང་བར་མི་བྱེད་ཅིང་མོས་པར་བྱེད་པ་དང་།ཐན་གླེགས་པམ་དུ་འདྲི་བར་བྱེད་པ་དེ་དག་ཀྱང་མོས་པ་ཇི་ལྟ་བ་བཞིན་དུ་ཕྱིར་མོ་ལྡོག་པ
224a2 ཉིད་དུ་ལུང་སྟོན་ཏོ།།བྱམས་པ་ནི་གང་དག་གིས་མདོ་སྟེ་བ་མོ་དོ་ལྟ་བུ་འདི་ན་མིང་ཙམྦུ་ཛེས་པ་དེ་དག་ཅིང་འབྲས་བུ་ལྡེད་པར་ལུང་སྟོན་པར་བྱེད་ན་གང་དག་མོས་པ་དང་།
224a3 ཡི་གེར་འདྲི་བ་དང་།ཀློག་པ་དང་།གྲཞན་དགའ་འང་སྟོན་པར་བྱེད་པ་དག་ལྟ་སྨོས་ཀྱང་ཅི་དགོས།དང་དག་མདོ་སྡེ་འདི་ཡི་གེར་འདྲི་བ་དང་།ལུང་ནོད་པ་དང་།ཁ་ཏོན
224a4 བྱེད་པ་དང་།ཀློག་པ་དང་།དེ་བཞིན་ཉིད་དུ་བསྒྲུབ་པར་བྱེད་པ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷན་ཅིག་ཏུ་གཏམ་འདྲ་བར་བྱེད་པ་དང་།ཕེབས་པར་སྨྲ་བར
224a5 བྱེད་པར་འགྱུར་ཏེ།དེ་དག་ནི་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་ཞིང་འཇིག་རྟེན་གྱི་ཁམས་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ
224a6 ལྡན་འདས་རྣམས་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་དེ་དགེ་ལ་སྟོན་པར་མཛད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
224a7 ལུང་སྟོན་པར་ཡང་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པོ་དེ་ནི
iiif viewer powered by OpenSeadragon
223b - 224b