e-texts navigator
Collection
Volume
Page
Wylie

168b1 དུ་མེད།།འདི་ནི་དོན་དང་སྒྲ་སྐད་བོས་པར་གྱུར་པ་ལས།།འགྲོ་བ་རྣམས་སུ་འགྲོ་བར་བྱེད་ཅིང་འགྲོ་བར་འགྱུར།།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང
168b2 ལྡན་ན་འཇིག་རྟེན་གྱི་ཚུལ་གྱིས་ཆོས་ལ་སྟོན་པ་རྣམ་པ་བཞི་སྟེ།བཞི་གང་ཞེ་ན།བྲེ་མོ་གཏམ་བྱེད་པ་རྣམས་ལ་ཆེས་སྟོན་པ་དང་།སྐྱེ་བོ་ཕལ་པོ་ཆེ་འདུས་པ་དག་ལྔ་འཆི་བ
168b3 རྗེས་སུ་དྲན་པ་དང་།གཏོང་བ་ཆེན་པོ་དག་ལ་རྗེས་སུ་ཡི་རང་ཞིང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་།འདུ་འཛི་ཐམས་ཅད་ལ་དབེན་པརོ་གཞོལ་བ་སྟེ།ཆོས་བཞི་པོ་དེ་དག་།
168b4 དང་ངོ་།།དེ་ལ་འདི་སྐད་ཅེས་བྱ་སྟེ།གང་ཆེ་སྐྱེ་བོ་མང་པོའི་དབུས་སུ་སོན་བྱུར་པ།།དྭེར་ནི་མཁས་པས་ཆེས་ཀྱི་གཏམ་ལ་འཇུག་པར་བྱ།།སྐྱེ་བ་མང་པོ་འདུས་པར་གྱུར
168b5 པའི་ཚོགས་རྣམས་པ།།འཆི་བར་འགྱུར་བའི་འདུ་ཤེས་རྣམ་པར་སྒོམ་པར་བྱ།།དེས་ནི་བག་ཡོད་གཞན་གྱི་གཏོང་བ་རྣམ་ལྔ་ཡི།།གཏོང་པོ་ཡི་རངས་བྱས་ནས་བྱུང
168b6 ཆུབ་བསྔོ་བྱ་ཞིང་།།གང་ཚེ་འདུ་འཛི་དག་དང་ཕྲད་པར་གྱུར་པའི་རྗེ།།དེ་རོ་ནི་དབེན་པར་གཞོལ་བར་རབ་ཏུ་འདོད་པར་བྱ།།ལྡེའི་བུ་བྱང་ཆུབ་སེམས་དཔའི་སེམས་དེཔར
168b7 ཆེན་པོ་ཆེ་སོ་བཞི་དང་ལྡན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་བཞིན་དུ་སྨྲ་བ་རྣམས་ཡིན་ཏེ།བཞི་གང་ཞེ་ན།བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་།




iiif viewer powered by OpenSeadragon

168a - 169a

Texts on this page

N147 - 'phags pa lha'i bu rab rtsal sems kyis zhus pa zhes bya ba theg pa chen po'i mdo