e-texts navigator
Collection
Volume
Page
Wylie

168a1 ཅད་བདག་མེད་སྟོན་བྱེད་ཅིང་།།མངོན་ཤེས་ཤེས་པའི་གློ་བགོས་བདུད་ཀྱིས་མི་ཉམས་ལ།།བྱང་ཆུབ་སེམས་དཔའ་ཆོས་བཞི་དེ་དག་གིས་འཇུག
168a2 ན།།འཁོར་ཀུན་ནང་དུ་སོང་ཡང་དེ་ལ་འཇིགས་པ་མེད།།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཐོས་པས་དོན་ལ་རྟོན་པ་རྣམས་ཡོན
168a3 ཏེ།བཞི་པ་དྲི་ཞེ་ན།ཐོས་པས་ཐམས་ཅད་མི་འཛིན་པས་ཐོས་པ་དང་མི་ལྡན་ཞིང་སྒྲུབས་པ་ཉམས་པའི་བྱིས་པ་ཐམས་ཅད་ཡོངས་སུ་སྤོང་བ་དང་།ཡི་གེ་དང་།སྒྲ་དང་།
168a4 སྐད་དང་།ཚིག་གི་ལམ་ཐམས་ཅད་མངོན་དུ་རྣམ་པར་ཤེས་པར་བྱ་བའི་ཕྱིར།བྲག་ཅ་དང་མཚུངས་པོ་ཉིད་དུ་ཁོང་དུ་ཆུད་པ་དང་།དོན་འདོད་པ་ཉིད་ཀྱི་ཕྱིར་ཐོས་པ
168a5 ཡོངས་སུ་རྒོལ་ཞིང་དགའ་མགུར་བྱ་བའི་བྱིར་པ་ཡིན་པ་དང་།བརྗོད་དུ་མེད་པའི་དོན་ལ་འཇུག་ཅིང་བརྗོད་པའི་དོན་མ་ཡིན་པ་སྟེ།ཆོས་བཞི་པོ་དེ་དག་དང་ངོ་།།དེ
168a6 ལ་འདི་སྐད་ཅེས་བྱ་སྟེ།ཇི་ཙམ་མོང་དུ་ཐོས་ཀྱང་དེ་ལ་མི་རྟོག་པས།།བྱིས་པ་ཐོས་དང་མི་ལྡན་རྟག་ཏུ་སྒྲུབ་ཆོས་ཉམས་སྲིད་གསུམ་སྒྲ་སྐུད་དབྱངས་དང་ཚིག་ལམ
168a7 གང་ཡོད་པ།།བྲག་ཅ་འདྲ་བར་དེ་ལས་དོན་ལྡན་སྒྲ་ཐོས་ནས།།དོན་ཉིད་རྟོགས་ཅིང་དགའ་མབུར་ཉེས་ཀུན་ཕྱིར་མི་འཇུག།ཆོས་ཉིད་འདེ་ནི་དོན་མཆོག་ཡིན་ཏེ་བརྗེད




iiif viewer powered by OpenSeadragon

167b - 168b

Texts on this page

N147 - 'phags pa lha'i bu rab rtsal sems kyis zhus pa zhes bya ba theg pa chen po'i mdo