e-texts navigator
Collection
Volume
Page
Wylie

167b1 ཀྱི་དབྱིངས་དབྱེར་མྱེད་པ་ཤེས་པར་བྱ་བའི་ཕྱིར་ཉོན་མོངས་པ་ཐམས་ཅད་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་དང་།ཚུལ་གཅིག་ལ་འཇུག་པས་ཐམས་ཅད་ཀྱི་འཇུག་པ་ལ་འཇུག་པ
167b2 སྟེ།ཆོས་བཞི་པོ་དེ་དག་དྲང་ངོ་།།དེ་ལོ་འདི་སྐད་ཅེས་བྱ་སྟེ།དེ་དག་ཐོས་ཚལ་ངོམས་མེད་ཚུལ་བཞིན་རྟོགས་བྱེད་ཅིང་།།དེ་མཉམ་སྟོན་ཅིང་ཀློག་འཛིན་རྙེད་པ་ཚོལ་མོ་བྱེད།།
167b3 ཉོན་མོངས་སྦྱིན་འདྲ་སྒྱུ་མ་རྨི་ལམ་ལྟ་བུར་བལྟ།།ཆོས་ཉིད་ཐ་དད་མི་བྱེད་དེ་དག་ཚུལ་གཅིག་འཇུག།ཚྭ་བདག་ཆོས་བཞི་དེ་བརྟེན་ཁྱད་པར་ཐོབ་འགྱུར་ཞིང་།།ཤེས་རབ་སྒྲོན
167b4 དདྲས་མུན་བསྔལ་ཟླ་ལྟར་འཇིག་རྟེན་རྒྱུ།།ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེས་བཞི་དྲུང་ལྡན་ན་འཁོར་རྣམས་ཀྱི་ནང་དུ་འཇིགས་པ་དང་བྲལ་བ་རྣམས
167b5 ཡིན་ཏེ།བཞི་གང་ཞེ་ན།ཐོས་པ་ཐམས་ཅད་འཛིན་པའི་གཟུངས་ཐོབ་པ་དང་།སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའི་སྤོབས་པ་ཐོབ་པ་དང་།སེམས་ཅན་ཐམས
167b6 ད་ལ་བདག་མེད་པ་སྟེན་པའི་སྙིང་རྗེ་ཆེན་པོ་དང་།བདུད་དང་ཉོན་མོངས་པ་དང་བྲལ་བ་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་གྲོ་ཆ་བགོས་པ་སྟེ་ཆོས་བཞི་པོ་དེ་དག་དང་ངོ་།།
167b7 དེ་ལ་འདི་སྐད་ཅེས་བྱ་སྟེ།ཐོས་ཀུན་ཆུད་མི་ཟ་བར་འགྱུར་བའི་གཟུངས་ཐོབ་ཅིང་།།དེ་དག་སྤོབས་ལྡན་སེམས་ཅན་སོམ་ཉི་གཅོད་པར་བྱེད།།སྙིང་རྗེས་ཆོས་འདེ་ཐམས




iiif viewer powered by OpenSeadragon

167a - 168a

Texts on this page

N147 - 'phags pa lha'i bu rab rtsal sems kyis zhus pa zhes bya ba theg pa chen po'i mdo