e-texts navigator
Collection
Volume
Page
Wylie

166a1 ཅེས་བྱ་སྟེ།ཐབས་ལ་མཁས་པ་མངོན་པར་སྒྲུབ་པར་བྱེད་པ་ཡི།།མངོན་སུམ་ཤེས་རབ་རྟོགས་པར་ཁོང་དུ་ཆུད་གྱུར་ཅིང་།།ཐམས་ཅད་སྦྱངས
166a2 སྙིང་རྗེ་ཆེན་པོ་ཡངས་པའོ།།གནས་པའི་བྱམས་པ་མངོན་པར་བསྒྲུབ་པོར་བྱེད་གྱུར་ལ།།དོན་དང་ཆོས་ལ་ཤིན་ཏུ་མཁས་པར་འགྱུར་བ་ཡི།།སོ་སོ་ཡང་དོག་རིག་ལ
166a3 སྤོབས་པ་ཐོ་འགྱུར་ལ།།བྱང་ཆུབ་ལམ་ལ་མངོན་ཤེས་དག་གིས་རྣམ་རྩེ་ནོ།།དེས་ནི་གཞན་གྱི་དྲིང་ལྔ་འཇོག་པར་མི་འགྱུར་རོ།།ལྷའི་བུ་བྱང་ཆུབ་སེམས་དཔང་སེམས
166a4 དངུའ་ཆེན་པོ་ཆོས་བཞི་དང་ལྡན་ན་བརྩམ་པ་ཐམས་ཅད་ལ་བརྩོན་འགྲུས་བརྟན་པ་རྣམས་ཡིན་ཏེ།བཞི་གང་ཞེ་ན།ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་།བསམ་པ་དག
166a5 པའི་བརྟུལ་བ་དང་།བྱང་ཆུབ་ལ་འངན་པ་དྲངག་པོ་དང་ལྡན་པ་དང་།སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པ་ལ་ཡིད་ཡོངས་སུ་མི་སྐྱོ་བ་དང་ལྡན་པ་སྟེ།ལྷའི་བུ་བྱང་ཆུབ
166a6 སེམས་དཔའ་སེམས་དཔའ་ཆེན་དོ་ཆོས་བཞི་པོ་དེ་དང་དང་ལྡན་ན་བརྩམ་པ་ཐམས་ཅད་ལ་བརྩོན་འགྲུས་བརྟན་པ་ཡིན་ནོ།།དེ་ལ་འདི་སྐད་ཅེས་བྱ་སྟེ།བརྩོན་འགྲུས་བརྟན
166a7 ཞིང་རབ་ཏུ་གནས་པར་མེད་གྱུར་ཅིང་།བསམ་པ་རྙོག་པ་མེད་ཅིང་ཡོངས་སུ་དང་བླར་ལ།།སངས་རྒྱས་ཡེ་ཤེས་དོན་ཕྱིར་འདུན་པ་བྲགས་ལྗོན་ཞིང་།།སངས་རྒྱས།




iiif viewer powered by OpenSeadragon

165b - 166b

Texts on this page

N147 - 'phags pa lha'i bu rab rtsal sems kyis zhus pa zhes bya ba theg pa chen po'i mdo