| | e-texts navigator
|
165a1 ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་ཆགས་ཐམས་ཅད་ཀྱིས་བསྔགས་པར་འགྱུར་བ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ
165a2 སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་སྤྱོད་པ་ཐམས་ཅད་ལ་རྨས་པ་མ་མཆིས་པ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་དགེ
165a3 ལ་རྒྱ་མཚོ་ལྟ་བུ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་དབང་སྒྱུར་བས་དབང་ཕྱུག་ཏུ་གྱུར་པ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས
165a4 དཔའ་སེམས་དཔའ་ཆེན་པོ་བགྱི་བ་ཐམས་ཅད་ལ་སློབ་དཔོན་དུ་སྐུར་པ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མ་མཆིས
165a5 ཤིང་ཡོན་ཏན་རྣམ་པ་ཐམས་ཅད་དང་ལྡན་པ་རྣམས་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ལྷའི་བུ་རབ་རྩལ་སེམས་ལ་འདི་སྐད་ཅེས་བཀའ
165a6 སྩལ་ཏོ།།རབ་རྩལ་སེམས་ལྗགས་སོ་ལྕགས་སོ་ལྷའི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇོག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ།འཇིག
165a7 རྟེན་གྱི་ཡོངས་སུ་འདྲེན་པ།སྙིང་རྗེ་ཆེན་པོ་དང་ལྡན་པ།བསྐལ་པ་གྲངས་མེད་པ་ནས་གོ་ཆ་བགོས་པ།བརྩོན་འགྲུས་ཤིན་ཏུ་བརྟན་པ།དེད་དཔོན་ཆེན་པོ།།སེམས།
iiif viewer powered by OpenSeadragon
164b - 165b