| | e-texts navigator
|
164a1 ངན་ལ་རྟེན་པ་རྣམས་འགྲུས།ཇི་ལྟ་ནྱ་བྱུ་ཆུབ་སེམས་དངའ་སྙོམས་དཔའ་ནཱ་པོ་འཇིག་རྟེན་རྡུལ་གྱིས་ཆོས་རྟེན་པ་རྣམས་ལགས།ཛིཥྛ།
164a2 ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུངས་པ་བཞིན་དུ་སླ་བ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ
164a3 སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ཆོས་སྨྲ་བ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དངཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་ཀྱི་མངོན་པར
164a4 འཕགས་པ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བ་རྣམས་ལྤགས།ཇི་ལྟར་ན་བྱང་ཆུབ་སེམས
164a5 དཔའ་སེམས་དཔའ་ཆེན་པོ་བློ་གྲོས་གཏིང་དཔག་དཀའ་བ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས
164a6 པ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏིང་དཔག་དཀའ་ཞིང་ཟབ་མོ་ལ་སྤྱོད་པ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ
164a7 སེམས་དཔའ་ཆེན་པོ་ཆོས་སྟོན་པོས་དབང་པོ་ལ་མཁས་པ་རྣམས་ལགས།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བྱོས་པ་དང་མ་འདྲེས་པས
iiif viewer powered by OpenSeadragon
163b - 164b