| | e-texts navigator
|
313a1 པ་གཉིས་མངོན་པར་སྒྲུབ་སྟེ།ལོངས་སྤྱོད་ཆུང་བ་དང་།ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བའོ།།འདོད་པ་ལ་ལོག་པར་གཡེམ་པས་ནི་སེམས་ཅན
313a2 དམྱལ་བར་ཁྲིད་དོ།།དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།།གཽ་ཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།།དེ་ནོས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ནའང་རྣམ་པར་སྨིན་པ་གཉིས་མངོན
313a3 པར་སྒྲུབ་སྟེ།གཡོག་འཁོར་ཡི་དོ་བརྟན་དུ་མི་རུང་བ་དང་།འགྲནི་ཟླ་དང་བཅས་པའི་ཆུང་མར་འགྱུར་བའོ།།བརྫུན་དུ་སྨྲ་བ་ས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།།
313a4 དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།།གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།།དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ནའང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ།སྐུར
313a5 པ་མང་བ་དང་།གཞན་གྱིས་སླུ་བར་འགྱུར་བའོ།།ཕྲ་མས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།།དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།།གཤིན་རྗེའི་འཇིག་རྟེན་དུ་ཁྲིད
313a6 དོ།།དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ནའང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ།གཡོག་འཁོར་མི་འདུམ་པ་དང་།གཡོག་འཁོར་ངན་པར་འགྱུར
313a7 བའོ།།ཚིག་རྩུབ་པོས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།།དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།།གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།།དེ་ནས་གལ་ཏེ་མི་རྣམས
iiif viewer powered by OpenSeadragon
312b - 313b