| | e-texts navigator
|
312b1 པོ་དེ་དག་ཐོབ་བོ།།ལོག་པར་ལྟ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན།དགེ་བའི་རྩ་བ་དྲོས་དེ་ལ་སྤངས།
312b2 རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་ཏེ།མངོན་པར་ཤེས་པ་མྱུར་བའི་དེ་བཞིན་གཤེགས་པར་འགྱུར་རོ།།ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་འཇིག
312b3 རྟོན་པ་དང་།འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རྩ་བ་དང་རྟེན་ཏོ།།བཟློག་ན་མི་དགེ་བ་བཅུའི་ལས
312b4 ཀྱི་ལཱམ་རྣམས་ཏེ།དེ་དག་ཤས་ཆེར་བསྟེ་ནི་ཅིང་བསྒོམས་ཏེ་མང་དུ་བྱས་ན་སེམས་ཅན་དམྱལ་བའི་རྒྱུའོ།།འབྲིང་ནི་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུའོ།།ཆུང་ངུ་ནི་གཤིན་རྗེའི་འཇིག
312b5 རྟེན་གྱི་རྒྱུའོ།།ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ན་སེམས་ཅན་དེ་མྱལ་བར་ཁྲིད་དོ།།དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།།གཤིན་རྗེའི་འཇིག
312b6 རྟེན་དུ་ཁྲིད་དོ།།དེ་ནས་གལ་ཏེ་མེ་རྣམས་ཀྱི་ནང་དུ་སྐྱེས་ནའང་རྣམ་པར་སྨིན་པོ་གཉིས་མངོན་པར་སྒྲུབ་ཏེ།ཆེ་ཐུང་བ་དང་།ནད་མང་བར་འགྱུར་བའོ།།མ་བྱིན་པར་ལེན།
312b7 པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།།དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།།གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།།དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ནའང་རྣམ་པར་སྨིན
iiif viewer powered by OpenSeadragon
312a - 313a