| | e-texts navigator
|
311b1 གླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་དབང་པོ་ལྔ་པོ་དེ་དག་ཐོབ་བོ།།བརྣབ་སེམས་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དགེ་བར་རྫོགས་པའི།
311b2 བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན།དེ་དགེ་བའི་རྩ་བ་དེས་འཇིག་རྟེན་གསུམ་གྱིས་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར་འགྱུར་རོ།།ཀླུའི་བདག་པོ་གནོད་སེམས
311b3 སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་ཐོབ་བོ།།བརྒྱད་གང་ཞེ་ན།འདི་ལྟ་སྟེ།དེའི་སེམས་རྣམ་པར་མི་འཚེ་བ་ལ་འགྲོ་བར་འགྱུར་བ་དང་།དེའི
311b4 སེམས་གནོད་སེམས་རབ་ཏུ་ཞི་བ་ལ་འགྲོ་བར་འགྱུར་བ་དང་།དེའི་སེམས་རྩོད་པ་མེད་ཅིང་འཐབ་པ་མེད་པ་ལ་འགྲོ་བར་འགྱུར་བ་དང་།དེའི་སེམས་དང་ཞིང་མཉན་ལ་ངེས་པ
311b5 ལ་འགྲོ་བར་འགྱུར་བ་དང་།འཕགས་པའི་སྐྱེ་བོར་གྲགས་པར་འགྱུར་བ་དང་།སེམས་ཅན་ཐམས་ཅད་ལ་བདེ་བར་དགའ་ཞིང་བྱམས་པའི་སེམས་ཕན་པའི་དངོས་པོ་མང
311b6 པར་འབྱུར་བ་དང་།བདེ་བ་ལ་མངོན་པར་དགོའ་ཞིང་ད་བ་མང་ལ་སྐྱེ་བོ་མང་པོས་བསྟི་སྟང་བྱ་བར་འགྱུར་བ་དང་།སེམས་སྣུམོ་ཞིང་ལས་སུ་རུང་བས་ཚངས་པའི་འཇིག
311b7 རྟེན་དུ་སྐྱེ་བ་ཐོབ་པ་མི་དཀོན་པར་འགྱུར་བ་སྟེ།ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་པོ་དེ་དག་ཐོབ་བོ།།གནོད་སེམས
iiif viewer powered by OpenSeadragon
311a - 312a