| | e-texts navigator
|
311a1 མཁས་པ་རྣམས་གཅིག་ཏུ་ངེས་པར་དགའ་བ་དང་།ལན་ལེགས་པར་ལོན་པས་གཅིག་ཏུ་ངེས་པར་དེའི་བློ་བདེན་པ་ལ་འགྲོ་བ་དང་།བཅོས་མ་མ
311a2 ཡིན་པར་མཛའ་བས་གཅིག་ཏུ་ངེས་པར་ལྕེ་དང་མིའི་ཆེ་བ་ཉིད་ཐོབ་པ་ཡིན་ཏེ།ཀླུའི་བདག་པོ་ཚིག་ཀྱལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་གཅིག་ཏུ་ངེས་པ་གསུམ་པོ་དེ
311a3 དག་ཐོབ་བོ།།ཚིག་ཀྱལ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན།དེ་དགེ་བའི་རྩ་བ་དེས་ཕྱེད་པར
311a4 ལུང་སྟོན་ཅིང་གཞན་དུ་མི་གསུང་བའི་དེ་བཞིན་གཤེགས་པར་འགྱུར་རོ།།ཀླུའི་བདག་པོ་བརྣབ་སེམས་སྤོངས་པོའི་སྐྱེས་བུ་གང་ཟག་ནི་དབང་པོ་ལྔ་ཐོབ་བོ།།ལྔ་གང་ཞེ་ན།
311a5 འདི་ལྟ་སྟེ།དབང་པོ་མ་ཚང་པ་མེད་པས་ལུས་དང་།དགྲ་དང་།སེམས་ལ་དབྱུང་བ་ཐོབ་པ་དང་།དགྲ་ཐམས་ཅད་ཀྱིས་མི་རྫི་བས་ལོངས་སྤྱོད་དང་དབང་ཕྱུག་ལ
311a6 དབང་བ་རྒྱ་ཆེན་པོ་ཐོབ་པ་དང་།བསོད་ནམས་ཀྱི་དབང་གིས་དེའི་སེམས་ལྗོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་ཐམས་ཅད་ལ་འགྲོ་བ་དང་།དགབ་པ་མཆོག་ཐོབ
311a7 པས་རྒྱལ་པོ་དང་དབང་པོས་མཆོད་པ་དང་།སྔོན་ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་དེ་ལས་སྟོང་ཕྲག་བརྒྱ་འགྱུར་དུ་ཁྱད་པར་དུ་འགྱུར་བ་ཐོབ་པ་སྟེ།།
iiif viewer powered by OpenSeadragon
310b - 311b