| | e-texts navigator
|
310b1 ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་པོ་དེ་དག་ཐོབ་བོ།།ཕྲ་མའི་ཚིག་སྤངས་པའི་དགེ་བའི་རྩ་བ་དེ་གལཱ་ཏེ་བླ་ན་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཏུ
310b2 ཡོངས་སུ་བསྔོ་ན།དེ་དགེ་བའི་རྩ་བ་ངོས་གཡོག་མི་ཕྱེད་པའི་དེ་བཞིན་གཤེགས་པར་འགྱུར་ཏེ།བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གོ་ཤེགས་པ
310b3 དེའི་འཁོར་དབྱེ་བར་མི་ནུས་སོ།།ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་གི་ལས་ཡོངས་སུ་དག་པ་བརྒྱད་ཐོབ་བོ།།བརྒྱད་གང་ཞེ་ན།འདི་ལྟ
310b4 སྟེ།ཚིག་རན་པ་དང་།ཕུན་དུའི་ཚིག་དང་།རིགས་པའི་ཚིག་དང་།འཇོམ་པའི་ཚིག་དང་།གཟུང་བའི་ཚིག་དང་།མཉན་པའི་ཚིག་དང་།སྐྱེ་བོ་མེང་པ་དགའ་བའི་ཆོག
310b5 དང་།མ་སྨད་པའི་ཚིག་ཡིན་ཏེ།ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་སྐྱེསྟེ་བུ་གང་ཟག་ནི་ངག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དེ་དག་ཐོབ་བོ།།ཚིག་རྩུབ་པོ་སྤངས
310b6 པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན།དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ཚངས་པའི་སྒྲ་སྐད་བསྒྲགས
310b7 བའི་དབྱངས་སུ་འགྱུར་རོ།།ཀླུའི་བདག་པོ་ཚིག་ཀྱལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་གཅིག་ཏུ་ངེས་པ་གསུམ་ཐོབ་བོ།།གསུམ་གང་ཞེ་ན།འདི་ལྟ་སྟེ།ཚིག་རིན་པས
iiif viewer powered by OpenSeadragon
310a - 311a