e-texts navigator
Collection
Volume
Page
Wylie

309a1 པོ་མང་པོའི་ཡིད་དུ་འོང་བས་སྐྱེ་བོ་མང་པོ་དཀའ་བ་ཡིན་ནོ།།ཉེ་བའི་ཉོན་མོངས་པ་མེད་པ་ཡིན་ནོ།།ནོར་འབྲེལ་པ་རྣམས་ལ་ཡིང་བརྟུན་དུ་རུང་།
309a2 ཡིན་ནོ།།ཕྱོགས་དང་ཕྱོགས་མཆིམས་རྣམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ་གྱི་ག་ནོད་པའི་འཇིགས་པ་ཐམས་ནང་མེད་པ་ཡིན་ནོ།།དེའི་དགེ་བ་བདྡྷོ
309a3 པའི་སྒྲ་དང་ཚིགས་སུ་བཅོད་པ་མངོན་པར་འཕགས་པར་འགྱུར་རོ།།བག་ཆེ་བ་མེད་པར་འཁོར་གྱི་ནང་དུ་འཇུག་སྟེ་ཞུམ་ཞུམ་པོ་མེད་པེར་འགྱུར་རོ།།ཧཱུཾ་དང་།སྟོབས
309a4 དང་།ཁ་དོག་དང་།བདེ་བ་དང་།སྤོབས་པ་དང་།ལོངས་སྤྱོད་དང་།ཕྱུག་པོ་ཕུན་སུམ་ཚོགས་པ་རབ་ཏུ་འཛིན་པར་འགྱུར་རོ།།དེའི་སེམས་སྦྱིན་པ་ཡང་དག
309a5 པར་འགོད་པ་ལ་འགྲོ་བར་འགྱུར་རོ།།ལུས་དང་བྲལ་ནས་ཀྱང་བྱེད་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ།ཀླུའི་བདག་པོ་དེ་ལྟར་མ
309a6 བྱིན་པར་ལེན་པ་སྤུངས་པའི་སྐྱེས་བུ་གང་ཟག་ནི་ཡང་བརྟན་པའི་ཆོས་བཅུ་པོ་དེ་དག་ཐོབ་བོ།།མེ་བྱིན་པར་ལེན་པ་སྤངས་པའི་དགེ་བའི་རྩུ་བ་དེ་གལ་ཏེ་བླ་ན་མེད་པ་ཡང
309a7 དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡུ་ན།དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པོ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གི་མ




iiif viewer powered by OpenSeadragon

308b - 309b

Texts on this page

N140 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo