e-texts navigator
Collection
Volume
Page
Wylie

308b1 ནོ།།དེས་ནང་ཉུང་བར་འགྱུར་བར་སྒྲུབ་པ་ཡོངས་སུ་བཟུང་བ་ཡིན་ནོ།།དེས་ཚེ་རང་བར་འགྱུར་ཏུ་ས་བྷྱོན་བཏབ་པ་ཡིན་ནོ།།དེ་ལ་མི་མ་ཡིན་པ་རྣམས་ཀྱང་སྲུང
308b2 པ་དང་།བསྒྲུབ་པ་དང་།སྦེད་པེར་བྱེད་དོ།།བདེ་བར་ཉལ་ཞིང་བདེ་བར་སྣད་པ་དང་།སྡིག་པའི་རྨི་ལཱམ་མཱ་མ་བ་ཡིན་ནོ།།དེ་ཉ་ལ་བ་ནའང་ལྷ་རྣམས་སྲུང་བ
308b3 བྱེད་དོ།།དེ་ལྀ་ཤྭར་གཉེར་བ་མང་པོ་ཡིན་ཏེ།ཤར་གཉེར་བའི་བག་ལ་ཉལ་མེད་པ་ཡིན་ནོ།།དྲན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་དང་ཤྲི་འཕོས་ནོས་ཀྱང་བདེའོ།།
308b4 མཐི་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ན་པཱ་སྐྱེ་བར་འགྱུར་ཏེ།ཀླུའི་བདག་པོ་སྲོག་གཅོད་པ་སྤངས་པའོ་སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ་དག་ཞི
308b5 བྷོ།སྲོག་གཅོད་པ་སྤོངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡུ་ན།དྲི་དགེ་བའི་རྩ་བ་དེས་བྱང་ཆུབ་ཐོབ་པ་ན
308b6 སེམས་ཀྱི་དབང་གིས་ཚེ་ཆུད་མེད་པར་འགྱུར་རོ།།ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་བཅུ་ཐོབ་བོ།།བཅུ་གང་ཞེ་ན།འདི
308b7 ལྟ་སྟེ།ལོངས་སྤྱོད་ཆེ་ཞིང་དེའི་ལོངས་སྤྱོད་དེ་དག་རྒྱལ་པོ་དང་།རྐུན་པོ་དང་།མེ་དང་།ཆུང་ངོང་།མི་མཛའ་བ་དང་།ཉེ་མཚམས་ཀྱིས་མི་འབྲོག་པོ་ཡིན་ནོ།།




iiif viewer powered by OpenSeadragon

308a - 309a

Texts on this page

N140 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo