e-texts navigator
Collection
Volume
Page
Wylie

307b1 སྨིན་པ་ལ་བརྟེན་པར་བྱའོ་ཞེས་ཀླུའི་བདག་པོ་ཁྱེད་ཀྱིས་དེ་ལྟར་སློབས་ཤིག་དང་།ལས་བདག་གིར་བྱ་བ།ལས་ཀྱི་བགོ་སྐལ་ལ་སྤྱོད་པ།ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་པ
307b2 ཁྱེད་དགེ་བའི་ཆོས་མངོན་པར་འདུ་བྱ་བ་ལ་བློ་འཇུག་པར་འགྱུར་རོ།།ལྟ་བ་ཆུ་དེ་གསོན་པར་བྱེད་པར་མི་འགྱུར་རོ།།ཆད་པ་དང་རྟག་པར་ལྟ་བ་ལ་གནས་པར་མི་འགྱུར་རོ།།
307b3 ཁྱེད་ཀྱིས་སྦྱིན་པའི་གནས་རྣམས་མགུ་བར་བྱེད་པར་འགྱུར་རོ།།མགུ་བར་བྱས་ནས་ཀྱང་བསྟི་སྟང་བྱེད་པར་འགྱུར་རོ།།བསྟི་སྟེང་བྱས་པའི་རྒྱུ་ལས་བྱུང་བས་ལྷ་དང་བཅས་པའི
307b4 འཇིག་རྟེན་གྱིས་བསྟི་སྟང་བྱས་པར་འགྱུར་རོ།།ཀླུའི་བདག་པོ་ཆོས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་ངན་འགོ་ངན་སོང་མི་ཁོམ་པའི་ལམ་ཐམས་ཅད་ཡང་དག་པར་གཅོད་དོ།།།
307b5 ཆོས་གཅིག་པོ་གང་ཞེ་ན།འདི་ལྟ་སྟེ།བདག་ཇི་ལྟར་གྱུར་ཅིང་ཉིན་ཞག་རྣམས་འགྲོ་ཞིག་གུ་སྙམ་དུ་དགེ་བའི་ཆོས་རྣམས་ལ་རབ་ཏུ་རྟོག་པའོ།།དེ་དེ་ལྟར་དགེ་བའི་ཆོས་ལ་རབ་ཏུ
307b6 རྟོག་པ་མེད་པས་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མི་འབྱེད་དོ།།དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ་བའི་ཆོས་དང་ལྡན་པས་བསམ་པ་དག
307b7 པོའི་སེམས་ཅན་འདི་ལྟ་སྟེ།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་དང་།འཕགས་པོ་ཉན་ཐོས་དང་།རང་སངས་རྒྱས་རྣམས་དང་འགྲོགས་པ་རྙེད་པར་འགྱུར་རོ།།




iiif viewer powered by OpenSeadragon

307a - 308a

Texts on this page

N140 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo