e-texts navigator
Collection
Volume
Page
Wylie

307a1 གཤེགས་པའི་སྐུ་ལ་ལྟ་ནའང་མིགཟི་ཟི་པོར་གྱུར་པ་ལ་ལྟོས།ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འདི་དག་གི་གཟུགས་དང་།མཚན་དང་།ལུས་དང་།
307a2 རྒྱན་རྣམས་ལ་ལྟོས།ཀླུའི་བདག་པོ་དེ་དག་ཐམས་ཅད་ནི་དགེ་བའི་ལས་མངོན་པར་འདུ་བྱ་བ་རྣམས་ཀྱིས་མངོན་པར་འདུས་བྱས་པས་བརྒྱན་པ་བསྒྲུབས་པའོ།།ཀླུའི་བདག་པོ
307a3 ཁྱོད་ཀྱི་བཀོད་པ་འདིའང་བསོད་ནམས་ཐམས་ཅད་ལས་བྱུང་བའོ།།ཀླུའི་བདག་པོ་བརྒྱ་བྱིན་དང་།ཚངས་པ་དང་།འཇིག་རྟེན་སྐྱོང་བ་དང་།ལྷ་དང་།ཀླུ་དང་།གནོད
307a4 སྐྱོན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ནམ་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།མི་དང་མི་མ་ཡིན་པ་འདི་དག་གི་བཀོད་པ་གང་ཡིན་པ་དེ་དག
307a5 ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བའོ།།ཀླུའི་བདག་པོ་རྒྱ་མཚོ་ཆེན་པོ་འདི་ན་གང་དག་ལུས་སྣ་ཚོགས་གཟུགས་མི་སྡུག་ཅིང་དབྱིབས་མ་ལེགས་པ་དང་།དབྱིབས་ལེགས
307a6 པ་དང་།ལུས་རགས་ཤིང་ཆེ་བ་རྣམས་དང་།གང་དག་པུས་ཕྲ་ཞིང་ཆུང་བ་དེ་དག་ཐམས་ཅད་ཀྱང་རང་རང་གི་སེམས་དང་།ལུས་དང་།ངག་དང་།ཡིད་ཀྱི་ལོས་དགེ་བ
307a7 དང་མི་དགེ་བས་སྣ་ཚོགས་སུ་རྒྱུད་པ་དག་གོ།ཀླུའི་བདག་པོ་དེ་བས་ན་ལས་བདག་གིར་བྱ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ།ལས་ཀྱི་སྐྱེ་གནས་པ།ལས་ཀྱི་རྣམ་པར




iiif viewer powered by OpenSeadragon

306b - 307b

Texts on this page

N140 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo