| | e-texts navigator
|
304a1 གསང་སྔགས་ཀྱི་གཞི་འདོང་གྲགས་ནི་རྩོད་པའི་བདག་པོ་བདུད་ཐམས་ཅད་ཚར་གཅོད་པར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཀུན་ཏུ་ས
304a2 བ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདྲི་གཟུང་བར་བགྱི།བཅང་བར་བགྱི།རྒྱས་པར་བགྱིའོ།།དེ་ཅིའི
304a3 སླད་དུ་ཞེ་ན།བཅོམ་ལྡན་འདས་བྱས་པ་གཟོ་བ་དང་།བྱས་པ་ཚོར་བ་རྗེས་སུ་བསྲུང་སྟེ།དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འདི་གཟུང་བར་བགྱི།ཡོངས་སུ
304a4 བསྲུང་བར་བགྱིའོ།།དེ་ནས་བཅོམ་ལྡན་འདས་ལ་ལྕིའི་བུ་བསོད་ནམས་འཕགས་ཀྱིས་གསོལ་བ།བཅོམ་ལྡན་འདས་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོས་དེ་བཞིན
304a5 གཤེགས་པའི་ཆོས་བཟུང་ན།བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལགས།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་ལ་ཚིགས་སུ་བཅད་དེ་བཀྲའ་སྩལ་པ།
304a6 སངས་རྒྱས་སྤྱན་གྱིས་ཕྱོགས་བཅུ་ཡི།།ཞིང་རྣམས་ཇི་སྟོད་ངས་མཐོ་བ།།དེ་ཀུན་རིན་ཆེན་གང་བྱས་ནས།།མི་གང་སྦྱིན་པ་བྱིན་བྱེད་ལ།།གང་ཞིག་འཇིག་རྟེན
304a7 མགོན་པོའི་ཆོས།།སྟོང་ནས་ཡོངས་སུ་འཛིན་བྱེད་ན།།དེ་བས་མི་དེའི་བསོད་ནམས་ནི།།ཤིན་ཏུ་མང་དུ་འཕེལ་པོར་འགྱུར།།བསྐལ་པའི་བར་དུ་བཞུགས
iiif viewer powered by OpenSeadragon
303b - 304b