e-texts navigator
Collection
Volume
Page
Wylie

301b1 བསྒྲལ་ནས་ཀྱང་འཛུད་པར་བགྱིད་ལ།ཆུ་རོལ་དང་ཕ་རོལ་གྱི་འགྲམ་ནའང་མི་གནས་ན།ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ།བཀའ་སྩལ་པ།ལྷའི་བུ་དེ་ནི་དེ་བཞིན
301b2 །ལྷའི་བུ་དབང་བྱེད་ཀྱིས་གསོལ་པ།བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ལ་དབང་ཡང་ཐོབ་ལ།ཆོས་གང་ཡང་སྐྱེ་བར་ཡང་མི་བགྱིད།འགག་པར་ཡང་མི་བབྱེད
301b3 ན།ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ།བཀའ་སྩལ་པ།ལྷའི་བུ་དེ་ནི་དེ་བཞིན་ནོ།།ལྷའི་བུ་རྒྱལ་པོ་བཟང་པོས་གསོལ་པ།བཅོམ་ལྡན་འདས་གང་སེམས་ཅན
301b4 ཐམས་ཅད་སེམས་ཅན་མཉམ་པ་དང་།ཆོས་ཐམས་ཅད་ཆོས་མཉམ་པ་དང་ཞིང་ཐམས་ཅད་ཞིང་མཉམ་པ་དང་།སངས་རྒྱས་ཐམས་ཅད་སངས་རྒྱས་མཉམ་པར་རྗེས
301b5 སུ་སོང་ན།ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ།བཀའ་སྩལ་པ།ལྷའི་བུ་དེ་ནི་དེ་བཞིན་ནོ།།ལྷའི་བུ་ལེགས་པར་སེམས་ཀྱིས་གསོལ་པ།བཅོམ་ལྡན་འདས
301b6 བདག་ཆོས་ཅིའང་མི་སེམས་ཤིང་སྤྲོས་པར་མི་བགྱིད་དེ།མཚན་མར་མི་བགྱིད་ན།ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ།ཛ་བཀའ་སྩལ་པ།ལྷའི་བུ་དེ་ནི་དེ་བཞིན
301b7 ནོ།།སྲིང་མོ་ཨུཏྤ་ལས་གསོལ་པ།བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལགས་པར་འཚལ་ལ།འོན་ཀྱང་བདག་མངོན་པར་རྫོགས་པར




iiif viewer powered by OpenSeadragon

301a - 302a

Texts on this page

N139 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo