e-texts navigator
Collection
Volume
Page
Wylie

300a1 བདག་མིག་གིས་མི་ལྟ།སེམས་ཀྱིས་མི་གཏོད།དྲན་པ་མི་སྐྱེད་ན།ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ།བཀའ་སྩལ་པ།རིགས་ཀྱི
300a2 བུ་དེ་ནི་དེ་བཞིན་ནོ།།བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པས་གསོལ་པ།བ་ཅོམ་ལྡན་འདས་བདག་ཆོས་ཀྱང་མི་སྟོན།ཆོས་མ་ལགས་པའང་མི་སྟོན།བདག
300a3 ལྔས་ཆོས་ཀྱི་སྒྲའང་མི་འབྱུང་།ཆོས་ཀྱི་འདུ་ཤེས་པའང་རྟོག་པར་མི་བགྱིད་ན།ཅི་བདག་དམ་པའི་ཆོས་འཛིན་པ་ལེགས་སམ།བཀའ་སྩལ་པ།རིགས་ཀྱི་བུ་དེ་ནི་དེ
300a4 བཞིན་ནོ།།བྱང་ཆུབ་སེམས་དཔའ་མིང་མེད་པས་གསོལ་པ།བཅོམ་ལྡན་འདས་བདག་གང་གི་མིང་དང་མཚན་མའང་མཉན་ལགས་ན།ཅི་བདག་དམ་པའི་ཆོས་འཛིན
300a5 པ་ལགས་སམ།བཀའ་སྩལ་པ།རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།།བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་ཀྱིས་གསོལ་པ།བཅོམ་ལྡན་འདས་བདག་གིས་ཆོས
300a6 ཐམས་ཅད་ནམ་མཁའི་ངོ་བོ་ཉིད་དུ་རིག་ནས་གང་ལ་འཛིན་པའི་ཆོས་རྣམས་དང་།ཆོས་མ་ལགས་པ་རྣམས་མི་མཐོང་ན།ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ།།
300a7 བཀའ་སྩལ་པ།རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།།བྱང་ཆུབ་སེམས་དཔའ་མི་གཡོ་བའི་སྟབས་ཀྱིས་འགྲོ་བས་གསོལ་པ།བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ




iiif viewer powered by OpenSeadragon

299b - 300b

Texts on this page

N139 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo