e-texts navigator
Collection
Volume
Page
Wylie

182b1 པབབསམ་པ་ངག་དང་འགྲོ་དང་ཐར་པ་ཐ་དད་ཇི་འདྲ་བ།།ཐམས་ཅད་ཁྱོད་ཀྱིས་སྐད་ཅིག་ཙམ་གྱིས་ཐུགས་སུ་ཆུད་པར་དེ་སློང་ཁྱོད་ལ་ཕྱག་འཚལ་ལོ།།རྫོགས་པའི་བྱང་ཆུབ
182b2 ཤིང་རྒྱལ་དྲུང་དུ་བླུགས་ལྕེའི་ཕྱིར་བརྩོན་བདུད་རྣམས་བྱེ་བ་བརྒྱ་ཕྲག་སྙེད།།ཁྱོད་ཀྱི་ཐང་དུ་ལྷགས་པར་གྱུར་ཀྱང་གནས་ལེས་མ་གཡོས་ཐུགས་བརྩེར་ལྡན་པའི་བློ་མངའ་བ།།
182b3 མངའ་བདག་ཁྱོད་ཀྱིས་བདྲེན་དང་བརྟུལ་ཞུགས་དཔལྔ་དང་ཡོན་ཏན་རྣམས་དང་བྱམས་པས་ཕམ་པར་མཛོད།།དེ་སླད་མི་རྣམས་སུ་ཞིག་དྲང་འདིར་ཁྱེད་ལ་མཆོད་པའི་སླད
182b4 དུ་ཁྱོད་ལ་ངོ་མོས་པར་འཛིན།།མངའ་བདག་ཁྱོད་ཀྱིས་ཆོས་རྣམས་བྱེད་པ་མཱཾ་དོ་དང་ཡ་མ་བརླ་དང་ཟླ་བ་འདྲ་བ་དང་།།དབུ་བ་གློག་སྤྲིན་ཚྭ་ཡི་ཆུ་བུར་འདྲི་ཞིང་སྒྱུ་མ་སྨིག་རྒྱུ་ལྟ
182b5 བུར་ཐུགས་སུ་ཆུད།།གང་ལ་རྒྱུ་མེད་རྟོག་པ་མོ་འབྱུང་ཁྱོད་ཀྱིས་ཆོས་དེ་དག་ནི་རྟག་ཏུ་བདག་མེད་དེ།།དེ་ལྟར་འགྲོ་བའི་འདོད་པ་ལྔ་བསྐྱེད་མཛད་པས་མངའ་བདག་ཁྱོད་ནི་ཐར
182b6 པ་ལགས་པ་རོ་འོས།།གང་གིས་དོན་ཏུ་བསྐལ་པ་བྱེ་བོ་ཁྲག་ཁྲིག་མང་པོར་དཀའ་བ་རྣམས་ནི་བསྟེན་པ་དྲང་།།གང་གི་དོན་དུ་རྟག་ཏུ་འགྲོ་ལ་ཕན་མཛད་འདྲེན་པ་རྣམས་ལ།
182b7 མཆོད་པ་མཛད་པ་དང་།།གླང་གི་དོན་དུ་སྦྱིན་དང་ཡང་དགེ་སྡོམ་དང་དུལ་དང་བཟོད་པ་རྟག་ཏུ་བསྟེན་པ་ཡི།།རྣམ་འདྲེན་ཁྱོད་ཀྱི་སྨོན་ལམ་ཆེན་པོ་ཤིན་ཏུ་རྨེད་རི་བྱུང་བ




iiif viewer powered by OpenSeadragon

182a - 183a

Texts on this page

N139 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo