e-texts navigator
Collection
Volume
Page
Wylie

182a1 བསྲེགས།།སྙིང་རྗེས་ནོར་གྱི་གཙོ་བོ་བདུན་པོ་སྦྱིན་པར་མཛད་ཅིང་སེམས་ཅན་རྣམས་ལ་བྱམས་པས་འཕགས།།བསོད་སྙོམས་ཞིང་སྟེ་འཇིག་རྟེནྡ
182a2 རྩ་ལག་བརྟན་པོ་ཁྱོད་ལ་བདག་ནི་མགོ་བོས་ཕྱུག་འཚལ་ལོ།།ཁྱོད་ཀྱི་ཞལ་གྱི་སྨིན་མཚམས་མཛོད་སྤུ་འབོར་བ་མེ་ཏོག་ཀུནྡ་ཟླ་བ་དུང་མདོག་འདྲ།།འདི་ནི་ཚངས་པའི
182a3 གནས་ན་འཁོད་པའོ་ལྷ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་སྤྱི་གཙུག་མཐོང་མི་འགྱུར།།ཟླ་བ་ལྟ་བུའི་ཞལ་ནུས་བྱུང་བའི་རླུད་བྱུང་འོད་ཀྱིས་འགྲོ་བ་མ་ལུས་སྣང་བར་མཛད།།དེ་ཡིས
182a4 རེག་པར་གྱུར་པའི་དབང་གིས་མཚམས་མེདོ་སེམས་ཅན་རྣམས་ཀྱང་བདེ་བ་ཉིད་དུ་གྱུར།།ཁྱོད་ཀྱི་གསུང་ནི་ཤིན་ཏུ་ཡིད་འོང་ཚིག་སྟེ་ཟླ་བ་བཞིན་དྲི་ཡིད་ཀྱང་ཚིམ་པར་བགྱིད།
182a5 ལྷ་དང་མྲི་ཡི་སྒྲ་སྐད་ཟིལ་གྱིས་གནོན་ཅིང་གཅིག་ཏུ་ངེས་པར་ངག་ལྔ་གཙང་བ་སྟེ།།འདོད་ཆགས་ཞེ་སྡང་མུན་པ་རྡུལ་རྣམས་རབ་ཏུ་ཞི་བར་བགྱིད་ཅིང་ཤེས་རབ་གསལ
182a6 བཻརརླ་བགྱིད།།དགའ་དང་མགུ་བགྱིད་བང་བ་ཤིན་ཏུ་སྐྱེད་པར་བགྱིད་ཅིང་ཐར་པ་ཡང་དག་སྟོན་པ་ལྤགས།།ཁྱེད་ཀྱི་ཡེ་ཤེས་དུས་གསུམ་གཏོགས་པ་རྟོགས་པ་མ
182a7 མཆིས་གར་ཡང་ཆགས་པ་མ་མཆོས་ཏེ།།ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་སྤྱོད་པ་ཆུང་དང་འབྲིང་དང་དམ་པ་མི་ལུས་ཐུགས་སུ་ཆུད།།གང་དག་གིས་ནི་དབ




iiif viewer powered by OpenSeadragon

181b - 182b

Texts on this page

N139 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo