e-texts navigator
Collection
Volume
Page
Wylie

181b1 སྙན་དང་།ཕྱག་རྡོབ་པ་དང་།གླུ་དབྱངས་བརྒྱ་སྟོང་དག་ལེན་ཅིང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཅོལ
181b2 ཏེ།ཇི་ལྟར་ཐོགས་པའི་མེ་ཏོག་དང་།བདུག་པ་དང་།སྤོས་དང་།མེ་ཏོག་ཕྲེང་དང་།བྱུག་པ་ལ་སོགས་པ་དང་།གདུགས་དང་།རྒྱལ་མཚན་དང་།བ་དོན་ལ་སོགས
181b3 པ་དང་།སིལ་སྙན་དང་།ཕེག་རྡོབ་པ་དང་།གླུ་དབྱངས་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཚུད་པ་བྱས་ནས།བཙུན་མོའི་འཁོར་དྲང་བཅས་པ་དང་།གཉེན་འདབ་ཀྱི
181b4 འཁོར་དང་བཅས་པས་དེའི་ཚེ།བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོང་ངོ་།།འཇིག་རྟེན་དག་ན་འཇིག་རྟེན་ཕན་པར་བཞེད
181b5 པ་འཇིག་རྟེན་གྱིས་མཆོད་འཇིག་རྟེན་མིག་སྦྱིན་པ།།འཇིག་རྟེན་དུ་སྐྱེས་འཇིག་རྟེན་དྲི་མ་རྣམས་ཀྱིས་མ་གོས་པདྨ་ཆུས་མི་ཆགས་པ་བཞིན།།འཇིག་རྟེན་སྣང་བ་རྣམ་པར
181b6 གཟིགས་པ་སྤྱན་གསུམ་མངའ་བ་འཇིག་རྟེན་བདེ་བ་སྦྱིན་མཛད་པ།།འཇིག་རྟེན་ཉི་མ་རྐྱེན་ལ་མཁས་པ་འཇིག་རྟེན་གཙོ་བོ་ཁྱོད་ལ་དེ་རིང་བདག་ཕྱག་འཚལ།།དུལ་ཞིང་དུལ
181b7 བྱས་ཡོངས་བསྐོར་སྟོབས་བཅུ་མངའ་བ་སྦྱིན་པ་རྣམས་དང་དུལ་བ་རྣམས་ཀྱིས་འཕགས།།འདྲེན་པ་ཉོན་མོངས་རྡུལ་དང་མུན་པ་དང་ནི་དྲི་མོ་ཐ་བ་བསྲེགས་ཤིང་མྱུ་གུ




iiif viewer powered by OpenSeadragon

181a - 182a

Texts on this page

N139 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo