| | e-texts navigator
|
180b1 རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ནས་གྱེན་དུ་འཕགས་པ་བཞིན་དུ་བཞུགས་ཏེ།བཅོམ་ལྡན་འདས་ཀྱིས་ལྷ་དྲང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནུན་ནས་དགེ་སློང་གི་ཚོགས་ཀྱིས་ཡོངས
180b2 སྲུ་བསྐོར་ཏེ་ལ་མོ་མེ་ལྷུན་ནི་ལྷང་ངེ་ཞིང་བཞུགས་སོ།།དེ་ནས་དེ་ལྟར་འདུས་པའི་འཁོར་དེའི་ནང་ན་དེ་བཞིན་གཤེགས་པ་དེ་ལྟར་བཞུགས་པའི་སྟེང་གྲི་བཱར་སྣང་ལ་རིན་པོ་ཆེའི་གདུགས
180b3 རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང་ལྡན་ཞིང་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཞིག་བྱུང་སྟེ།རིན་པོ་ཆེའི་གདུགས་དེས་ཐམས་ཅད་དང་ལྡན་པའི་གླིང་བཞི་པ་ཆེན་པོའི་འཇིག
180b4 རྗེན་འདི་ཀུན་ཏུ་ཁེབས་པར་གྱུར་ཏོ།།རིན་པོ་ཆེའི་གདུགས་དེ་ལས་ཀྱང་མུ་ཏོག་ཁ་དོག་དུ་མིའི་རྒྱན་ཕྲེང་འབུམ་ཕྲག་དུ་མ་འདི་ལྟ་སྟེ།མུ་ཏིག་དཀར་པོ་དང་།མུ་ཏིག་དམར
180b5 པོ་དང་།མུ་ཏིག་དྲི་མ་མེད་པ་དང་།གསེར་ལྟ་བུའི་མུ་ཏིག་དང་།ཟླ་བ་ལྟ་བུའི་མུ་ཏིག་དང་།པདྨ་ལྟ་བུའི་མུ་ཏིག་དང་།ནམ་མཁའ་ལྟ་བུའི་མདོག་ཅན་གྱི་མུ་ཏོག་རྣམས
180b6 འཕྱང་ངོ་།།མུ་ཏིག་གི་རྒྱནྡ་ཕྲེང་དེ་དག་ལས་ཀྱང་འོད་ཟེར་དག་བྱུང་ངོ་།།འོད་ཟེར་དེ་དག་ལས་ཀྱང་མེ་ཏོག་ཁ་དོག་སྣ་ཚོགས་པ།ཁ་དོག་འབུམ་ཕྲག་དུ་མ།དྲི་ཞིམ་པ།བལྟ
180b7 ན་སྡུག་པ་ཡིད་དུ་འོང་བ་དོག་གི་ཆེར་མངོན་པར་བབ་བོ།།མེ་ཏོག་དེ་དག་གིས་ཀྱང་འཁོར་གྱི་ཁྱམས་ཐམས་ཅད་པུས་མོ་ནུབ་པ་ཙམ་དུ་གང་བར་གྱུར་ཏོ།།བར་སྣང་ལ
iiif viewer powered by OpenSeadragon
180a - 181a