| | e-texts navigator
|
180a1 དང་།ལྷའི་རྒྱལ་པོ་འོད་གསལ་ལ་སོགས་པ་འོད་གསལ་གྱི་ལྷ་རྣམས་དང་།ལྷའི་རྒྱལ་པོ་དགེ་རྒྱས་ལ་སོགས་པ་དགེ་རྒྱས་ཀྱི་ལྷ་རྣམས་དང་།ལྷའི
180a2 རྒྱལ་པོ་འབྲས་བུ་ཆེ་ལ་སོགས་པ་འབྲས་བུ་ཆེ་བའི་ལྷ་རྣམས་དང་།ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ལ་སོགས་པོ་གནས་གཙོང་མའི་རིས་ཀྱི་ལྷའི་བུ་རྣམས་དང་།ལྷའི་རྒྱལ
180a3 པོ་དྲི་མེད་འོད་ལ་སོགས་པ་འོག་མིན་གྱི་ལྷོའི་བུ་རྣམས་དང་།ལྷ་མཱ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་དྲུག་ཁྲི་དང་།མཱི་འམ་ཅིའི་རྒྱལ་པོ་ལྗོན
180a4 པ་ལ་སོགས་པ་མི་འམ་ཅིའི་རྒྱལ་པོ་བཞི་ཁྲི་ཉིས་སྟོང་དང་།དྲི་ཟའི་རྒྱལ་པོ་ཕྲེང་ཐོགས་ལ་སོགས་པ་དྲི་ཟའི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་དང་།ཀླུའི་རྒྱལ་པོ་མཱ་དྲོས་པ་ལ
180a5 སོགས་པ་ཀླུའི་རྒྱལ་པོ་བདུན་ཁྱི་ཉིས་སྟོང་དང་།བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་སྟོང་དང་།དྲི་མ་ཡིན་པའི་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟེ་དང་།ལྷ
180a6 མ་ཡིན་དང་།ནམ་མཁའི་ལྡིང་དང་།མི་འམ་ཙཱི་དང་།ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆུ་བ་གཟི་བརྗིད་ཆེ་བ་སྟོང་དག་དང་ཐབས་ཅིག་ཏུ་བཞུགས་སོ།།དེ་ནས་བཅོམ
180a7 ལྡན་འདས་འཁོར་སྟོང་ཕྲག་དུ་མེས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་།ལྷ་བེམས་ཅད་ཀྱི་བཀོད་པས་ལེགས་པར་རྒྱན་པའི་སེང་གེའི་ཁྲིལ་རིལ
iiif viewer powered by OpenSeadragon
179b - 180b