e-texts navigator
Collection
Volume
Page
Wylie

290b1 མིས་ནི་ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་མངོན་ཏོ།།དགའ་བོས་གསོལ་པ།དེ་ལྟ་བུའི་མིས་ནི་སེམས་ཅན་རྣམས་བསལ་ལ་ཡོན་བྲང་དུ་རུང་ངམ་མི་རུང་།སྲངས
290b2 རྒྱས་ཀྱིས་གསུངས་པ།དེ་ལྟ་བུའི་མིས་ནོ་རྣམས་ཅན་རྣམས་ཀྱི་ཕྱིར་དཔལ་ཞིང་ཆེན་པོ་བྱས་ནས་རྟག་པར་ཤེས་རབ་ཆེན་པོ་སྤྱད་དེ།དཔལ་གྱི་རང་བཞིན་བདེན་པ་གཉིས
290b3 ཀོ་གནས།དགེ་འདུན་གྱི་གཞི་རྟེན་པ་ཡིན་ཏེ།ཡུན་རྣམས་ལོ་མགྲོ་དང་།མིག་དང་།རྐང་པ་དང་།ཀླད་པཱ་དེ་ཀུན་ཀླང་བླང་དུ་རུང་ན།གོས་དྲང་ཁ་ཟས་བླང་དྲུ
290b4 རུང་བ་ལྟ་སྨོས་ཀྱང་ཅི་དགོས།ཕེཾ་དགེ་བ་དེ་ལྟ་བུའི་མི་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན།ཁྱོད་ཀྱི་ཟམ་པ་ཡིན་ན།མི་ཐེ་མལ་པ་ལྟ་སྨོས་ཀྱང་ཅི་དགོས་ན་ཡིན་མི
290b5 འབུལ།དགའ་བོས་གསོལ་པ།མི་དེ་ལ་ཆོས་ཀྱི་ཡི་གེ་མནོས་ཏེ།གཟུངས་སུ་བཟུང་བ་ཡིན་ཕུལ་ན་མི་དེས་དཔལ་ཡོན་ཇི་ཙམ་ཐོབ།སངས་རྒྱས་ཀྱིས་གསུངས
290b6 པ།ཡང་མི་ལ་ལྔ་ཞིག་གིས་མཁར་གང་བའི་གསེར་དངུལ་ཁྱེར་ཏེ་སྦྱར་བར་བྱས་པས་མི་དེས་ཆོས་ཀྱི་བཤད་ཟིན་ནས།དེའི་ཚེ་དགའ་བོ་དང་།བྱང་ཆུབ་སེམས་དཔའ
290b7 དང་།ཕལ་སྡེ་བཞིན་ཀུན་ཤིན་ཏུ་དགའ་སྟེ།སེམས་ཀྱིས་ཡང་དག་པའི་མིར་གྱུར་པ་ཐོབ་ནས་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ།དགའ་ནས་གུས་པར




iiif viewer powered by OpenSeadragon

290a - 291a

Texts on this page

N123 - rdo rje'i ting nge 'dzin gyi chos kyi rnam grangs yi ge