| | e-texts navigator
|
290a1 བྱའོ།།ཡང་མིང་དཔག་ཏུ་མེད་པའི་གཞུང་གི་ཕྱི་མོ་ཞེས་ཀྱང་བྱ་སྟེ།མི་ལ་ལ་ཞིག་གིས་ཆོས་ཀྱི་ཡི་གེ་འདི་མནོས་ཏེ་གཟུངས་སུ་འཛིན་པ་ཞིག་ཡོད་ན་དེ་བརྒྱ
290a2 སྟོང་གིས་སངས་རྒྱས་གཟུངས་སུ་འཛིན་པ་སྟེ།དེ་ལྟ་བུའི་ལེགས་པའི་དོན་ནི་དཔེར་ནམ་མཁའ་དང་མཚུངས་མུ་མཐའ་མེད་དེ།བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་ཡི་གཱ་འདི
290a3 གཏམས་བཅོལ་ཏོ།།དགའ་བྲོས་གསོལྔ་པ།ཇི་ལྟ་བུའི་སེམས་སྤྱོད་པ་དང་།ཇི་ལྟ་བུའི་མིས་ཆོས་ཀྱི་ཡི་གེ་མནོས་ཤིང་གཟུངས་སུ་འཛིན།སངས་རྒྱས་ཀྱིས
290a4 གསུངས་པ།ཕོ་དགེ་བ་ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་འོཛིན་པའི་མི་དེ་ནི་སེམས་ཐོབ་པ་དང་།སྟོར་བ་མེད་ལ་རྟག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ།འདྲན
290a5 ཏོར་བརྗོད་པ་ལའང་རྟག་པར་མི་གཡོ་བའི་སེམས་ལ་དད་དེ།གྲོང་ཁྱིམ་དུ་ཞུགས་པའང་སེམས་རྟག་པར་ཐུབ་པ་ལ་འདུག་གོ།།ཁྱིམ་དུ་འདུག་ནའང་ཡོད་པོ་གསུམཱ་ལ
290a6 མ་ཆགས་པ་དེ་ལྟ་བུའི་ད་ལྟར་གྱི་ཚེའི་དུས་ལ་དཔལ་ཡོན་རྣམ་པ་རྗེ་ཡོ་དེ།གཅིག་ནི་ཕལ་གྱིས་བཙུན་ཞིང་གུས་པའོ།།གཉིས་ནི་ལུས་ཡ་འདྲོག་ཏུ་མི་འཆི
290a7 བའོ།།གསུམ་ནི་ཡོན་པོ་ཆད་པ་ཡིད་མྱུར་དུ་ལན་ལོན་པའོ།།རེ་ཞི་ནི་སེམས་ཅན་བསྒྲལ་བ་ལ་སྲེད་པའོ།།ལྔ་ནི་འཕྲུལ་གྱི་ལམ་དུ་འཇུག་ནུས་པ་སྟེ།དེ་ལྟ་བུའི
iiif viewer powered by OpenSeadragon
289b - 290b