e-texts navigator
Collection
Volume
Page
Wylie

289b1 ལ་སྟོན་ཅིང་སློབ་ན་ཇི་ལྟ་བུར་ཐེག་པ་ཆེན་པོ་གཞུང་མི་འགྱུར་བ་བྱེ་བྲག་ཕྱེད་པ་ཀུན་སྤྱོད་སྦྱོར་དུ་ཆུག་ཅིག།དེ་ནས་དགའ་བོས་འདུག་པ་སྟན་ལས་ལངས་ཏེ་མདུན་དུ་སངས
289b2 རྒྱས་ལ་གསོལ་པ།ཡང་དྲག་པར་གཤེགས་པས་ཐེག་པ་ཆེན་པོའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་མདུད་པ་གཅོད་པ་སྐྱེ་བ་མེད་པའི་ཚོར་བ་བསོད་པ་བཤད་པ།
289b3 བསམ་གྱིས་མི་ཁྱབ་པ་དེ་ལྟ་བུའི་ཆོས་ཀྱི་མིང་ཅི་ཞེས་བགྱི།ཆོས་ཀྱི་གཞུང་དེ་མནོས་ཏེ་གཟུངས་སུ་བཟུང་ན་བསོད་ནམས་ཇི་ཙ་མོ་ཞིག་ཐོབ།སངས་རྒྱས་ཀྱི་བྱམས་པའི
289b4 ཐུགས་རྗེས་བདག་ལ་བཀྲོལ་བཤད་པར་སྨོན་ཏོ།།སངས་རྒྱས་ཀྱིས་གསུངས་པ།པོ་དགེ་བ་ཆོས་ཀྱི་ཡི་གེ་འདིའི་མིང་ནི་བསམ་གྱིས་མི་ཁྱབ་སྟེ།སྔ་མོ་འདྲས་པའི
289b5 སངས་རྒྱས་རྣམས་ཀྱིས་འོར་བར་དགོངས་པས་ཡུང་དག་པར་གཤེགས་པའི་ཡེ་ཤེས་ཀྱི་མཚོར་ཆུད་པར་གསུངས་སོ།།སེམས་ཅན་ལ་ལོ་ཞིག་གིས་ཆོས་ཀྱི་ཡི་གེ
289b6 འདི་གཟུངས་སུ་འཛིན་པ་གཅིག་ཡོད་ན་ཆོས་ཀྱི་ཡི་གེ་ཐམས་ཅད་ལ་ཅིའང་རེ་ཞིང་བཙལ་པ་མེད།ཆོས་ཀྱི་ཡི་གེ་འདིས་ནི་ཆོས་ཀུན་གྱི་མདོ་བ་ཏུ་སཱུ་ཏྲེ།ཆོས་སོ་ཅོག་གི
289b7 གཅེས་པ་བསྡུས་སོ།།ཆོས་ཀྱི་ཡི་གེ་རྣམས་ཀྱི་ཕྱི་མོའི་བསམས་པ་སྟེ།ཆོས་ཀྱི་ཡི་གེ་འདིའི་མིང་ནི་ཐེག་པ་ཆེན་པོ་བསྡུས་སོ།།ཡང་མིང་རྡོ་རྗེའི་ཏིང་ངེ་འཛིན་ཅེས་ཀྱང




iiif viewer powered by OpenSeadragon

289a - 290a

Texts on this page

N123 - rdo rje'i ting nge 'dzin gyi chos kyi rnam grangs yi ge