| | e-texts navigator
|
288b1 སྟོང་པ་མི་གཡོ་ཞིང་།།ངོ་བོ་སྟོང་ཞིང་ཞི་བའི་ཚེ།།ཆོས་དེ་དེ་ཡི་ཚེ་ན་བྱུང་།།མཚན་མུ་བྲལ་བས་སྟོང་པར་གནས།།སྟོང་པར་གནས་པས་དམིགས་པ་མེད།།རྐྱེན་ལས
288b2 ལྡང་བའི་ཆོས་ཀྱི་རྣམས།།ཆོས་དེ་ལས་ནི་རྐྱེན་མི་སྐྱེ།།རྒྱུ་དང་རྐྱེན་དང་སྐྱེ་བ་མེད།།སྐྱེ་བའི་སྟོང་པའི་ངོ་བོ་སྟོང་།།རྐྱེན་གྱི་རང་བཞིན་རྐྱེན་བྱ་ནུས།།རྐྱེན་དེའི་ཕྱི་མོ་རྐྱེན
288b3 ལས་གཡོས།།ཆོས་གཡོས་པས་ནི་རྐྱེན་ཀྱང་མེད།།རྐྱེན་མེད་ན་ནི་གཡོ་བའང་མེད།།རྒྱུ་རྐྱེན་ལས་སུ་སྐྱེས་པའི་ཆོས།།ཆོས་ཉིད་དེ་ནི་རྒྱུ་རྐྱེན་ཡིན།།རྒྱུ་རྐྱེན་གྱི་ནི
288b4 སྐྱེ་ཤི་གཟུགས།།དེ་ལྔ་སྱེ་དང་ཤི་བའོ་ཡོད།།དེ་ནི་ཡང་དགྲ་བདྲེན་གཟུགས་བཞིན།།ཕྱི་མོ་ནུས་སུ་འབྱུང་ནུས་མེད།།ཆོས་རྣམས་དྲི་ཡི་ཚེ་ན་ནི།།འབྱུང་ཞིང་ནུབ
288b5 པར་རང་ལས་སྐྱེས།།ཤིན་ཏུ་གཙང་མའི་ཕྱེ་མོ་ཉིད།།ཕྱི་མོའི་རྒྱུ་ཡི་སྟོབས་མ་ཡིན།།ཕྱིན་ཆད་དེ་ཡི་གནས་ཐོབ་པ།།ཐོབ་པའི་ཕྱི་མོའི་གཙང་མ་ཐོབ།།དེ་ནས་བྱང
288b6 ཆུབ་སེམས་དཔའ་སའི་སྙིང་པོས་སངས་རྒྱས་ཀྱི་བཤད་དོ་ཅོ་ག་ཐོས་ནས་སེམས་ཚིམ་སྟེ།དེའི་ཕལ་མང་པོ་རྣམས་དོགས་པ་མེད་དེ།ཕལ་མང་པོ་རྣམས་ཤེས་ཟིན
288b7 ནོས་ཚིགས་སུ་བཅད་པ་བཤད་དོ།།བདག་གིས་ཕལ་གྱི་སེམས་དོག་རིག།དེ་ལྟ་བས་ན་བརྟུལ་བར་དྲིས།།ཡང་དག་གཤེགས་པ་དགེ་བྱམས་ཆེ།།བྱེ་བྲག
iiif viewer powered by OpenSeadragon
288a - 289a