e-texts navigator
Collection
Volume
Page
Wylie

259a1 པའི་བཏང་བ་དེ་ཉིད་ཀྱང་སྐྱེ་བ་ལགས་ན་ཇི་ལྟར་ན་སྐྱེ་བ་མ་མཆིས་ཞེས་བགྱི།སངས་རྒྱས་ཀྱིས་གསུངས་པ།བྱང་ཆུབ་སེམས་དཔས་སྐྱེ་བ་དེ་བཏང་ནི
259a2 བཏང་ཟིན་པ་དང་བཏང་བའང་མེད་དེ།བཏང་བ་མེད་པ་ལའང་མི་ཆགས་པ།ཆགས་པ་མེད་པའང་མི་ཆགས་ན་ཇི་ལྟ་བུར་སྐྱེ་བ་ཡིན་ཞེས་བྱ།གྲོལ་ཐར་བྱང་ཆུབ་སེམས
259a3 དཔས་སངས་རྒྱས་ལ་གསོལ་པ།བཙུན་པ་སྐྱེ་བ་མེད་པའི་སེམས་ལ་བླང་བ་དང་།བཏང་བ་ཅི་མཆིས།ཆོས་ཀྱི་མཚན་མོ་གང་ལགས།སངས་རྒྱས་ཀྱིས་གསུངས
259a4 པ།སྐྱེ་བ་མེད་པའི་ཆོས་ལ་བླང་བའང་མེད་བཏོང་བའང་མེད་དེ་སེམས་མེད་པ་ལ་གནས་ཏེ།ཆོས་མེད་པ་ལ་གནས་སོ།།གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས
259a5 ལ་གསོལ་པ།བཙུན་པ་ཇི་ལྟ་བུར་ན་སེམས་མ་མཆིས་པ་ལ་གནས།ཆོས་མ་མཆིས་པ་ལ་གནས་ཞེས་བགྱི།སངས་རྒྱས་ཀྱིས་གསུངས་པ།སེམས་མ
259a6 སྐྱེས་ན་སེམས་མེད་པ་ལ་གནས་པ་ཡིན་ནོ།།ཕོ་དགེ་བ་སེམས་ཀྱི་ཆོས་མ་སྐྱེས་ན་གནས་ཤིང་རྟེན་པའང་མེད་དོ།།སྤྱོད་པའོ་ཅོག་ལ་མ་ཆགས་ན།སེམས་རྟག
259a7 པོར་སྟོང་ཞིང་མེ་གཡོ་སྟེ།ཐ་དད་པའི་སེམས་མེད་དོ།།དཔེར་ནནམ་མཁོའ་དང་མཚུངས་ཏེ།གཡོ་བ་དང་འདུག་པ་མེད་སྡང་བ་མེད།བྱ་བ་མེད།ཕན་ཚུན




iiif viewer powered by OpenSeadragon

258b - 259b

Texts on this page

N123 - rdo rje'i ting nge 'dzin gyi chos kyi rnam grangs yi ge