| | e-texts navigator
|
258b1 ཞིང་མནོ་བ་མེད་ན་ལྡང་དུབ་ཀྱང་མི་སྐྱེ་སྟེ་ཡང་དག་པ་བཞིན་དུ་མི་གཡོའོ།།རྣམ་པར་ཤེས་པ་རྣམས་བདེ་ཞིང་སྟོང་ན་འབབ་ཅིང་འཁོར་བར་མི་སྐྱེ་སྟེ་གཙང་མའི་ཆོས་ལྔ་ཐོབ་བོ།།
258b2 དེ་ནི་ཐེག་བྱ་ཆེན་པོ་ཡིན་ཏེ།བྱང་ཆུབ་སེམས་དཔའི་ཆོས་གཙང་མ་ལྔར་ཞུགས་ན་སེམས་ལ་མི་བདེན་པ་མེད་དོ།།མི་བདེན་པ་མེད་ན་གདད་ཡང་དག་པར་གཤེགས་པའི
258b3 རང་གིས་ཚོར་བའི་འཕགས་པོའི་ཡེ་ཤེས་ཀྱི་སྔར་ཆུད་དོ།།ཡེ་ཤེས་ཀྱི་སར་ཆུད་པ་ནི་ཐམས་ཅད་ཕྱི་མོ་ནས་མི་སྐྱེ་བར་མཁས་པར་རིག་པར་བྱ་སྟེ།ཕྱི་མོ་ནས་མི་སྐྱེ་བར
258b4 རིག་ན་གདོད་མི་བདྲེན་པའི་སེམས་མྱེད་དོ།།གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ།བཙུན་པ་མི་བདྲེན་པའི་སེམས་ཅན་མ་མཆིས་ན་བཏང་ཞིང
258b5 དགྲག་པའང་མ་མཆིས་པའི་རིགས་སོ།།སངས་རྒྱས་ཀྱིས་གསུངས་པ།བྱང་ཆུབ་སེམས་དཔའ་མ་བདེན་པའི་ཕྱི་མོ་ནས་མི་སྐྱེ་ན།མི་བདེན་པ་དཔག་ཏུ་མེད་དོ།།སེམས
258b6 ལ་སེམས་མེད་པར་རིག་ན་སེམས་བཏང་དུ་མེད་དོ།།བྱེ་བྲག་མེད།དབྱེ་བ་མེད་ན་འཕྲལ་གྱི་རྣམ་པར་ཤེས་པ་སྐྱེ་བ་མེད་པས་སྐྱོ་བ་བཏང་དུ་མེད་དོ།།དེ་ནི་བཏང་དུ་མེད་པ་ཡིན
258b7 ཏེ་མེད་པའང་མེད་དོ།།དེ་ཅིའི་ཕྱིར་ཞེ་ན།བཏང་བ་དང་བཏང་བ་མེད་པའི་ཕྱིར་རོ།།གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་བ།བཙུན་པ་བཏང་བ་མེད
iiif viewer powered by OpenSeadragon
258a - 259a