| | e-texts navigator
|
257b1 ནས་མི་འགྱུར་བ་ལ་སྐྱེ་བ་མེད་དོ།།གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ།བཙུན་པ་སེམས་ཅན་དེ་དགྲ་གུར་སྐྱེ་བ་མ་མཆིས་པ་ལ་གནས་པར་བགྱིས་ན
257b2 དེ་དེའི་སྐྱེ་བ་མ་མཆིས་པ་ལགས་སམ།སངས་རྒྱས་ཀྱིས་བཀའ་སྩལ་པ།སྐྱེ་བ་མེད་པ་གནས་པ་ཉིད་ནི་སྐྱེ་བ་མ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།གནས་པའང་མེད་སྐྱེ་བའང་མེད་ན
257b3 གྲགདོད་སྐྱོ་བ་མེད་པ་ཡིན་ནོ།།བྱང་ཆུབ་སེམས་དཔའ་སྐྱེ་བ་དང་།སྐྱེ་བ་མེད་པ་སྐྱེ་བ་སྤྱད་པས་སྐྱེ་བའི་སེམས་བསལ་ཏོ།།སྐྱེ་བ་དང་ཞི་བར་ཅིག་ཅར་བཙལ་ན།ང་སྐྱེ་བའི་ཕྱི་མོ
257b4 མི་སྐྱེ་སྟེ་སེམས་རྟག་པར་སྟོང་ཞིང་མི་གཡོའོ།།སྐྱོང་ཞིང་མི་གཡོ་བ་ལ་ཆགས་པ་མེད་ན་སེམས་ལ་ཚུགས་པ་མེད་དེ་གདོད་སྐྱེ་བ་མེད་པ་ཡིན་ནོ།།གྲོལ་ཐར་བྱང་ཆུབ་སེམས
257b5 དཔས་ཡང་སངས་རྒྱས་ལ་གསོལ་པ།བཙུན་པ་སེམས་ལ་ཆགས་པ་མེད་ན་བསླབ་ཅིང་སྤྱད་པ་ཅི་མཆིས་འོན་ཀྱང་བསླབ་པ་ཅི་མཆིས་སམ།སངས་རྒྱས་ཀྱིས་བཀའ
257b6 སྩལ་པ།བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པའི་སེམས་ལས་བྱུང་བ་དང་།འཇུག་པའི་སེམས་མེད་དེ་ཕྱི་མོ་ཡང་དག་པར་གཤེགས་པའི་མཛོད་དེ།ངོ་བོ་ཉིད་སྟོང་ཞིང
257b7 མི་གཡོ་བས་བསླབ་པ་ཡོད་པའང་མ་ཡིན་བསླབ་པ་མེད་པའང་མ་ཡིན་ནོ།།བསླབ་པ་ཡོད་པ་དང་།བསླབ་པ་མེད་པ་དང་།མེད་པའང་མེད་ན་དེ་ནི་བསླབ་པའང་མེད་པའོ།།
iiif viewer powered by OpenSeadragon
257a - 258a