| | e-texts navigator
|
257a1 འབྱུང་ཞིང་འབྲལ་བར་བགྱི།སངས་རྒྱས་ཀྱི་སྐུ་གསུངས་པ།སྐྱེས་བུ་ཕོ་དགེ་བང་ཡོད་པ་ནི་རྒྱུ་རྐྱེན་བཅུ་གཉིས་ལྟ་རྟག་ཏུ་བཅུག་ན།རྒྱུ་རྐྱེན་བཅུ་གཉིས
257a2 ནི་ཐོག་མ་དང་རྒྱུ་དང་འབྲས་བུ་ལས་བྱུང་ངོ་།།ཙྪ་དང་འབྲས་བུའི་གིཡོ་བཱ་ནི་སེམས་ཀྱི་སྤྱོད་པ་ལས་ལངས་ཏེ་སེམས་ཀྱང་མེད་ན་ལུས་མེད་པ་ལྟ་སྨོས་ཀྱང་ཅི་དགོས།དྲ་ཡོད
257a3 ན་ནི་མཐོང་བ་ཡོད་པའང་ཞི་བར་བྱའོ།།ང་མེདྲ་ནི་ནི་མཐོང་བ་མེད་པའང་ཞི་བར་བྱའོ།།སེམས་སྐྱེས་ན་ནི་ཞི་བྱའི་རང་བཞིན་ཡང་ཞི་བར་བྱའོ།།སེམས་ཞི་ན་ནི་སྐྱེ་བའི་རང
257a4 བཞིན་ཡང་ཞི་བར་བྱའོ།།མཐོང་བའི་རང་བཞིན་དེ་ཞེ་ན་གདོད་ཡང་དག་པའི་དབྱིངས་སུ་ཞུགས་སོ།།དེ་ཅིའི་ཕྱིར་ཞེ་ན།ཕྱི་མོ་ནས་སྐྱོ་བ་མ་ཞིའོ།།མ་ཞི་མ་སྨྱོས་ན་མི
257a5 སྐྱེ་མི་ཞི་སྟེ་ཆོས་སྡེ་ཅོག་ཀྱང་དེ་བཞིན་ནོ།།གྲོལ་ཐར་བྱང་ཆུབ་སེམས་དཔས་ཡང་སངས་རྒྱས་ལ་གསོལ་པ།བཙུན་པ་སེམས་ཅན་ལ་ལས་ཆོས་སྐྱེ་བར་མཐོང་བའི
257a6 ཚེ་མཐོང་བ་གྲུང་ཞི་བར་བགྱི་སངས་རྒྱས་ཀྱིས་བཀའ་སྩོལ་པ།བཙུན་པ་བྱང་ཆུབ་སེམས་དཔའ་ལ་ལས་ཆོས་སྐྱེ་བར་མཐོང་བའི་ཚེ།ཡོད་པར་མཐོང་བའང་ཞི་བར
257a7 བྱའོ།།ཆོས་ཞི་བར་བྱ་བ་མཐོང་བའི་ཚེ་ཡོད་པར་མཐོང་བའང་ཞི་བར་བྱའོ།།མཐོང་བཞིན་མེད་པ་ཡང་དགུ་པོའི་ཆོས་ཐོབ་སྟེ།མི་འགྱུར་བའི་ངོ་བོ་ཉིད་དུ་ཞུགས།།
iiif viewer powered by OpenSeadragon
256b - 257b